བོད་སྒྲའི་གླུ་གཞས།

༡༽ སྤ་གྲོ་སྐྱིད་ཆུ།

སྤ་གྲོ་སྐྱིད་ཆུ་ལྷ་ཁང་།། ཞིང་ཁམས་བརྒྱ་ཡི་གདན་ས།།

སྐྱིད་ཆུ་ལྷ་ཁང་མཇལ་བའི།། རྒྱལ་པོའི་སྐུ་སྲུང་དམག་མི།།

རྒྱལ་པོའི་སྐུ་ཚེ་ཆེ་ཆུང་།། ས་ལམ་ཞུ་ནས་མཇལ་ཡོད།།

གཟིམ་ཅུང་སྒྲོལ་མའི་ལྷ་ཁང་།། མི་དབང་རྒྱལ་པོ་བཞུགས་ཡོད།།

ཐུགས་སེམས་མདོག་ལས་མཚར་བ།། རྒྱལ་ཁབ་ཡོངས་ལ་གཟིགས་སོང་།།

མིག་དམར་ཟླ་བའི་སྟེང་དུ།། སྨིན་དྲུག་བཞུགས་ས་མིན་འདུག།

སྡོད་ས་མེད་པའི་སྨིན་དྲུག། སེམས་ཀྱི་སྐྱོ་རོགས་ཨིན་པས།།

ལུང་པ་ཆུང་ཆུང་གསེར་གྱིས་གང་ན་དགའ་བ་༼སྐྱིད་པ་༽ལ།།

གསེར་གྱི་རི་ལ་གསེར་མཚོ་ཆགས་ན་དགའ་བ་༼སྐྱིད་པ་༽ལ།།

གསེར་མཚོ་སྦུག་ལུ་གསེར་ཤིང་འཁུངས་ན་དགའ་བ་༼སྐྱིད་པ་༽ལ།།

གསེར་ཤིང་གུ་ལུ་གསེར་བྱ་ཆགས་ན་དགའ་བ་༼སྐྱིད་པ་༽ལ།།

གསེར་བྱ་སྤུན་གསུམ་གནམ་ལུ་ལྡིང་ན་དགའ་བ་༼སྐྱིད་པ་༽ལ།།

གནམ་ཁ་འཇའ་དང་འོད་ཀྱིས་གང་ན་དགའ་བ་ལ་༼སྐྱིད་པ་༽ལ།།

ས་གཞི་མས་ལ་་་་ཕུན་སུམ་ཚོགས་ན་དགའ་བ་༼སྐྱིད་པ་༽ལ།།

༼དངུལ་གྱི་རི༽་་་་་་་་་་་་་་་་་་་༼དུང་གི་རི་༽་་་་་་་་

 
༣༽ ལ་ཁྲ་མོ།

ལ་ཁྲ་མོ་སྭ་་་་གསེར་ཤིང་ལུང་པའི་ཕུག་ལས།། ལ་ཁྲ་མོ་སྭ་་་་གསེར་གྱི་མཚོ་མོ་འཁྱིལ་ཡོད།།༢

ལ་ཁྲ་མོ་སྭ་་་་གསེར་གྱི་མཚོ་མོའི་ནང་ལས།། ལ་ཁྲ་མོ་སྭ་་་་གསེར་གི་ཤིང་གཅིག་འཁྲུངས་ཡོད།།༢

ལ་ཁྲ་མོ་སྭ་་་་གསེར་གྱི་ཤིང་ཆེན་གུ་ལས།། ལ་ཁྲ་མོ་སྭ་་་་གསེར་གྱི་བྱ་མོ་འཁོར་ཡོད།།༢

ལ་ཁྲ་མོ་སྭ་་་་གསེར་བྱ་རང་ཡང་མི་སྡོད།། ལ་ཁྲ་མོ་སྭ་་་་མཚོ་ལ་གཡས་བསྐོར་རྐྱབ་སོང་།།༢

༼དངུལ་༽་་་་་་་་གཡོན་བསྐོར་་་་་ ༼དུང་༽་་་་་་་་་་་གཡས་གཡོན་མེད་པ་་་

 
༤༽ ཡར་གྱི་དགུང་ས།

ཡས་ཀྱི་དགུང་ས་མཐོན་པའི་ཕྱོགས་ལ།། ཁྲི་གདུགས་སྤུན་གསུམ་ཤར་སོང་།།

ད་རིས་ཤར་བའི་ཁྲི་གདུགས་ཉི་མ།། དྲོད་ཉམས་ཤར་བའི་རྟེན་འབྲེལ་བཟང་སོང་།།

ཡར་གྱི་གངས་སྟོད་མཐོན་པའི་ཕྱོགས་ལ།། སེང་གེ་ཕོ་མོ་གཉིས་སྐུ།།

ད་རིས་མཇལ་བའི་སེང་ཆེན་དཀར་མོ།། ནམ་ཡང་གངས་སྟོད་བསྐོར་བ་མི་གཏང་།།

ཕར་གྱི་སྤང་གཤོང་ལྡེ་མོའི་ཕྱོགས་ལ།། ཤ་ཝ་གཡུ་རུ་གཉིས་སྐུ།།

སྤང་སྟོད་བསྐོར་བའི་སྤྲོ་ཉམས་ཡོད་པ།། སྤང་དང་ཤ་ཝ་འབྲལ་ས་མིན་འདུག།

མར་གྱི་མཚོ་སྟོད་གཞུང་མའི་དཀྱིལ་ལ།། གསེར་ཉ་ཕོ་མོ་གཉིས་སྐུ།།

ཉ་མོ་ལྕགས་ཀྱུས་ནམ་ཡང་མ་བྱུང་།། མཚོ་མའི་དཀྱིལ་ལ་གཟིམ་ཆགས་ཅིག་ཞུ་གེ།

ཕར་གྱི་གཡུས་བཟང་བདེ་མོའི་ཕྱོགས་ལ།། དྲིན་ཅན་ཡབ་ཡུམ་གཉིས་སྐུ།།

འབྲལ་ས་ཐུགས་ལ་མ་གནང་ཞུས་པའི།། གཡུས་བཟང་བསྐོར་བའི་འགྲོ་དོན་ཤར་སོང་།།

 
༥༽ གཟོངས་ལེགས་པའི་ཨ་དར་དམར་ཁྲ།

གཟོངས་ལེགས་པའི་ཨ་དར་དམར་ཁྲ་འདི།། ཁྲོམ་མི་ཁྲོམ་འཛོམས་ས་གྱོན་དགོ་པས།།

ཁྲོམ་མི་ཁྲོམ་འཛོམས་ས་མ་གྱོན་ན།། ཡར་ལྕགས་སྒྲོམ་ཁྲ་མོ་རལ་བར་ཕངས།།

གཟོངས་ལེགས་པའི་བུ་རས་ཁ་དམར་འདི།། ཁྲོམ་མི་ཁྲོམ་འཛོམས་ས་བཀབ་དགོ་པས།།

ཁྲོམ་མི་ཁྲོམ་འཛོམས་ས་མ་བཀབ་ན།། ཡར་གཟར་ཤིང་གུ་ལུ་རལ་བར་ཕངས།།

ཕྱག་ཤན་ལེགས་པའི་དཔག་བསམ་བསྟན་འཛིན་འདི།། ཁྲོམ་མི་ཁྲོམ་འཛོམས་ས་བཏགས་དགོ་པས།།

ཁྲོམ་མི་ཁྲོམ་འཛོམས་ས་མ་བཏགས་ན།། ཡར་གཟར་ཤིང་གུ་ལུ་རལ་བར་ཕངས།།

གསུང་ཧན་པའི་གླུ་གཞས་ཚིག་གསུམ་འདི།། ཁྲོམ་མི་ཁྲོམ་འཛོམས་ས་འཐེན་དགོ་པས།།

ཁྲོམ་མི་ཁྲོམ་འཛོམས་ས་མ་འཐེན་ན།། རང་ཁོག་པའི་ཧིང་ལུ་ཡལ་བར་ཕངས།།

 
༦༽ ཤར་ལས་ཧ་ལས་མི་ཤར་ཧ་ལས་ཤར།

ཤར་ལས་ཧ་ལས་མི་ཤར་ཧ་ལས་ཤར།། ཤར་ལས་ཧ་ལས་ཁྲི་གདུགས་ཉི་མ་ཤར།།

ཤར་ལས་ཧ་ལས་ཁྲི་གདུགས་མ་ཤར་ན།། ནུབ་ཀྱི་གངས་རི་དཀར་པོ་བཞུ་རྒྱུ་མེད།།

ནུབ་ཀྱི་གངས་རི་དཀར་པོ་མ་བཞུ་ན།། ཆུ་ལ་སྐྱིད་ཆུ་སྔོན་མོ་བབ་རྒྱུ་མེད།།

ཆུ་ལ་སྐྱིད་ཆུ་སྔོན་མོ་མ་བབ་ན།། མཚོ་ལ་མ་མ་གཡུ་མཚོ་འཁྱིལ་རྒྱུ་མེད།།

མཚོ་ལ་མ་མ་གཡུ་མཚོ་མ་འཁྱིལ་ན།། ཤིང་ལ་ཙནྡན་སྡོང་པོ་འཁྲུངས་རྒྱུ་མེད།།

ཤིང་ལ་ཙནྡན་སྡོང་པོ་མ་འཁྲུངས་ན།། བྱ་ལ་ཁུ་བྱུག་སྔོན་མོ་ཆགས་རྒྱུ་མེད།།

བྱ་ལ་ཁུ་བྱུག་སྔོན་མོ་མ་ཆགས་ན།། ཁྱོད་དང་འདྲ་བའི་གསུང་སྐད་ང་ལུ་མེད།།

 
༧༽ ལ་འདི་བཀྲིས་ལ་མོའི་ལ་གཞོལ་ན།

ལ་འདི་བཀྲིས་ལ་མོའི་ལ་གཞོལ་ན།། ཤིང་ལ་འཁྲུངས་པ་ཨ་རུ་བ་རུ་འཁྲུངས།།

འདི་ལ་འཁོར་བ་གསེར་བྱ་ཟུང་གཅིག་འཁོར།། གསེར་བྱ་རང་ཡང་མི་སྡོད་འཕུར་འགྲོ་ནི།།

ཡར་ཡར་ཆོས་འཁོར་ལྷ་ས་འཕུར་འགྲོ་ནི།། བླ་མ་ཤཱཀྱ་མུ་ཎིའི་ཞབས་སུ་གཤེགས།།

ཡབ་ཆེན་ཨ་པའི་ལས་སྒྲིབ་དེ་གིས་དག། གསེར་བྱ་རང་གི་བསམ་པ་དེ་གིས་རྫོགས།།

ལ་འདི་ཚེ་རིང་ལ་མོའི་ལ་གཞོལ་ན།། ཤིང་ལ་འཁྲུངས་པ་བ་ལུ་སུ་ལུ་འཁྲུངས།།

འདི་ལ་འཁོར་བ་དངུལ་བྱ་ཟུང་གཅིག་འཁོར།། དངུལ་བྱ་རང་ཡང་མི་སྡོད་འཕུར་འགྲོ་ནི།།

ཡར་ཡར་ལྷོ་བྲག་མཁར་ཆུ་འཕུར་འགྲོ་ནི།། བླ་མ་ནམ་མཁའི་སྙིང་པོའི་ཞབས་སུ་གཤེགས།།

ཡུམ་ཆེན་ཨ་མའི་ལས་སྒྲིབ་དེ་གིས་དག། དངུལ་བྱ་རང་གི་བསམ་པ་དེ་གིས་རྫོགས།།

ལ་འདི་རྡོ་སྐྱོང་ལ་མོའི་ལ་གཞོལ་ན།། ཤིང་ལ་འཁྲུངས་པ་ཙནྡན་སྡོང་པོ་འཁྲུངས།།

འདི་ལ་འཁོར་བ་ཁུ་བྱུག་ཟུང་གཅིག་འཁོར།། ཁུ་བྱུག་རང་ཡང་མི་སྡོད་འཕུར་འགྲོ་ནི།།

ཕར་ཕར་སྤུངས་ཐང་བདེ་ཆེན་འཕུར་འགྲོ་ནི།། བླ་མ་ངག་དབང་རྣམ་རྒྱལ་ཞབས་སུ་གཤེགས།།

མཉམ་རོགས་གཞོན་པའི་ལས་སྒྲིབ་དེ་གིས་དག། ཁུ་བྱུག་རང་གི་བསམ་པ་དེ་གིས་རྫོགས།།

 
༨༽ ཁྱོད་སྣང་སྲས་དལ་འབྱོར་མི་ལུས་འདི།

ཁྱོད་སྣང་སྲས་དལ་འབྱོར་མི་ལུས་འདི།། ཤར་སྤང་རི་ལོགས་ཀྱི་འཇའ་ཚོན་འདྲ།།

འཇའ་ཁ་དོག་མཚར་ཡང་སྙིང་པོ་མེད།། ད་སྙིང་པོ་ལྷ་ཆོས་མཇལ་རེ་རན།།

ཁྱོད་སྣང་སྲས་དལ་འབྱོར་མི་ལུས་འདི།། ལྷོ་ནགས་མོའི་ལྗོངས་ཀྱི་ཁུ་བྱུག་འདྲ།།

གསུང་སྙན་འགྱུར་འཛོམས་ཀྱང་སྙིང་པོ་མེད།། ད་སྙིང་པོ་ལྷ་ཆོས་མཇལ་རེ་རན།།

ཁྱོད་སྣང་སྲས་དལ་འབྱོར་མི་ལུས་འདི།། ནུབ་རྒྱ་མཚོ་ནང་གི་ཀླུ་མོ་འདྲ།།

རྒྱུ་ལོངས་སྤྱོད་འཛོམས་ཀྱང་སྙིང་པོ་མེད།། ད་སྙིང་པོ་ལྷ་ཆོས་མཇལ་རེ་རན།།

ཁྱོད་སྣང་སྲས་དལ་འབྱོར་མི་ལུས་འདི།། བྱང་གཡུ་འབྲུག་སྔོན་མོའི་གསུང་སྐད་འདྲ།།

གཏམ་སྙན་གྲགས་ཆེ་ཡང་སྙིང་པོ་མེད།། ད་སྙིང་པོ་ལྷ་ཆོས་མཇལ་རེ་རན།།

ཁྱོད་སྣང་སྲས་དལ་འབྱོར་མི་ལུས་འདི།། དབུས་ལྷ་ཁང་ལོགས་ཀྱི་ལྡེབས་རིས་འདྲ།།

ལྷ་ཁ་དོག་མཚར་ཡང་སྙིང་པོ་མེད།། ད་སྙིང་པོ་ལྷ་ཆོས་མཇལ་རེ་རན།།

 
༩༽ ཆོས་ཀྱི་རྩ་བ་མི་བཙུགས།

ཆོས་ཀྱི་རྩ་བ་མི་བཙུགས།། ཆོས་ཀྱི་རྩ་བ་བཙུགས།།

ཆོས་ཀྱི་རྩ་བ་བཙུགས་ན།། ཆོས་འཁོར་ལྷ་ས་བཙུགས།།

ཇོ་བོ་ཤཱཀྱ་མུ་ཎི།། ཆོས་ལ་རབ་གནས་གནང་བ།།

ཕྱག་གཅིག་གཡས་པ་བསྣམས་ཚེ།། ཚེ་དབང་བུམ་པ་བསྣམས་པ།།

ཕྱག་གཅིག་གཡོན་པ་བསྣམས་ཚེ།། དངུལ་དཀར་མེ་ལོང་བསྣམས་པ།།

གཡས་གཡོན་མེད་པ་བསྣམས་ཚེ།། རྡོེ་དྲིལ་བུ་བསྣམས་པ།།

ཞབས་ཁྲ་ཕྱི་ལ་ཤེད་ཤེད།། ཕྱིའི་དགྲ་རྣམས་བཏུལ་བ།།

ཞབས་ཁྲ་ནང་ལ་རུ་རུ།། ནང་གི་ནོར་བུ་བཙུགས་པ།།

ཞབས་ཁྲ་ཕྱི་ཤེད་ནང་ཤེད།། གདོང་ཁྲ་ལེགས་མོ་འགྲིགས་པ།།

 
༡༠༽ ཟམ་པ་མི་བཙུགས་ཟམ་པ་བཙུགས།

ཟམ་པ་མི་བཙུགས་ཟམ་པ་བཙུགས།། ཟམ་པ་གསེར་གྱི་ཟམ་པ་བཙུགས།།

གསེར་གྱི་ཟམ་པའི་སྟེང་ཤེད་ན།། མཚན་ལྡན་བླ་མ་བྱོན་༼མཇལ༽གསང་རེ།།

ཟམ་པ་མི་བཙུགས་ཟམ་པ་བཙུགས།། ཟམ་པ་དངུལ་གྱི་ཟམ་པ་བཙུགས།།

དངུལ་གྱི་ཟམ་པའི་སྟེང་ཤེད་ན།། དབང་ཆེན་དཔོན་པོ་བྱོན་༼མཇལ༽གསང་རེ།།

ཟམ་པ་མི་བཙུགས་ཟམ་པ་བཙུགས།། ཟམ་པ་དུང་གི་ཟམ་པ་བཙུགས།།

དུང་གི་ཟམ་པའི་སྟེང་ཤེད་ན།། ཡབ་ཡུམ་གཉིས་ཀུ་བྱོན་༼མཇལ༽གསང་རེ།།

 
༡༡༽ ང་ཚོ་རྒྱ་ལུ་འགྲོ་མ་མྱོང་།

ང་ཚོ་རྒྱ་ལུ་འགྲོ་མ་མྱོང་།། རྒྱ་གི་འགྲོ་ལུགས་ང་གིས་ཤེས།།

རྒྱ་གི་འགྲོ་ལུགས་ཤེས་ཟེར་ན།། རྐང་པ་ལྷམ་ཅུང་ཁྲབ་སེ་ཁྲབ།།

ང་ཚོ་བོད་ལུ་འགྲོ་མ་མྱོང་།། བོད་ཀྱི་འགྲོ་ལུགས་ང་གིས་ཤེས།།

བོད་ཀྱི་འགྲོ་ལུགས་ཤེས་ཟེར་ན།། ལྕགས་དཀར་ཀྲི་མི་ཁྲབ་སེ་ཁྲབ།།

ང་ཚོ་འབྲུག་ལུ་འགྲོ་མ་མྱོང་།། འབྲུག་གི་འགྲོ་ལུགས་ང་གིས་ཤེས།།

འབྲུག་གི་འགྲོ་ལུགས་ཤེས་ཟེར་ན།། ཁ་མིག་གཉའ་ཤིང་ཁྲབ་སེ་ཁྲབ།།

ང་ཚོ་ཁྲོམ་ལུ་འགྲོ་མ་མྱོང་།། ཁྲོམ་གྱི་འགྲོ་ལུགས་ང་གིས་ཤེས།།

ཁྲོམ་གྱི་འགྲོ་ལུགས་ཤེས་ཟེར་ན།། སེར་ཁྲ་དམར་ཁྲ་ཁྲབ་སེ་ཁྲབ།།

 
༡༢༽ བཀྲིས་བཀྲིས་བཀྲ་ལ་ཤིས།

བཀྲིས་བཀྲིས་བཀྲ་ལ་ཤིས།། བཀྲིས་རི་བོའི་རྩེ་མོ་རུ།།

བྱ་ལ་དང་པ་གསེར་བྱ་ཆགས།། གསེར་བྱ་གསེར་ལས་སྒྲོལ་མ་ཆགས།།

ཡར་ལ་ཡར་ལ་གནམ་ལ་ལྡིང་།། མར་ལ་མར་ལ་ས་ལ་ཆགས།།

སེམས་འདི་མི་ཞུ་སེམས་འདི་ཞུ།། སེམས་འདི་གསེར་ལས་སྒྲོལ་མ་ཞུ།།

ལུས་ལ་ན་ཚ་མེད་པ་དགའ།། སེམས་ལ་སྡུག་བསྔལ་མེད་པ་སྐྱིད།།

ད་ལོ་མཇལ་བ་བཀྲིན་ཆེ།། སང་ཕོད་མཇལ་བའི་སྨོན་ལམ་ཞུ།།

བཀྲིས་བཀྲིས་བཀྲ་ལ་ཤིས།། བཀྲིས་རི་བོའི་རྐེད་པ་རུ།།

བྱ་ལ་གཉིས་པ་དངུལ་བྱ་ཆགས།། དངུལ་བྱ་དངུལ་ལས་སྒྲོལ་མ་ཆགས།།

ཡར་ལ་ཡར་ལ་གནམ་ལ་ལྡིང་།། མར་ལ་མར་ལ་ས་ལ་ཆགས།།

སེམས་འདི་མི་ཞུ་སེམས་འདི་ཞུ།། སེམས་འདི་དངུལ་ལས་སྒྲོལ་མ་ཞུ།།

ལུས་ལ་ན་ཚ་མེད་པ་དགའ།། སེམས་ལ་སྡུག་བསྔལ་མེད་པ་སྐྱིད།།

ད་ལོ་མཇལ་བ་བཀྲིན་ཆེ།། སང་ཕོད་མཇལ་བའི་སྨོན་ལམ་ཞུ།།

བཀྲིས་བཀྲིས་བཀྲ་ལ་ཤིས།། བཀྲིས་རི་བོའི་རྩ་བ་རུ།།

བྱ་ལ་གསུམ་དུང་བྱ་ཆགས།། དུང་བྱ་དུང་ལས་སྒྲོལ་མ་ཆགས།།

ཡར་ལ་ཡར་ལ་གནམ་ལ་ལྡིང་།། མར་ལ་མར་ལ་ས་ལ་ཆགས།།

སེམས་འདི་མི་ཞུ་སེམས་འདི་ཞུཝ།། སེམས་འདི་དུང་ལས་སྒྲོལ་མ་ཞུ།།

ལུས་ལ་ན་ཚ་མེད་པ་དགའ།། སེམས་ལ་སྡུག་བསྔལ་མེད་པ་སྐྱིད།།

ད་ལོ་མཇལ་བ་བཀྲིན་ཆེ།། སང་ཕོད་མཇལ་བའི་སྨོན་ལམ་ཞུ།།

 
༡༣༽ བཀྲིས་ལུང་པའི་ཕུག་ལས།

བཀྲིས་ལུང་པའི་ཕུག་ལས།། གསེར་གྱི་ལྷ་ཁང་བཞེངས་ཡོད།།

གསེར་གྱི་ལྷ་ཁང་ནང་དུ།། གསེར་གྱི་རི་མོ་བྲིས་ཡོད།།

ཆར་པ་ལོ་གསུམ་བབས་ཀྱང་།། རི་མོ་ཡལ་རྒྱུ་མིན་འདུག།

ཁྲི་གདུགས་སྤུན་བདུན་ཤར་རུང་།། རི་མོ་སྒྲིབ་རྒྱུ་མིན་འདུག།

མིན་འདུག་མིན་འདུག་མིན་འདུག། ན་བ་ཚ་བ་མིན་འདུག།

འདུག་གོ་འདུག་གོ་འདུག་གོ། དགའ་བ་སྐྱིད་པ་འདུག་གོ།

བཀྲིས་ལུང་པའི་རྐེད་པ།། དངུལ་གྱི་ལྷ་ཁང་བཞེངས་ཡོད།།

དངུལ་གྱི་ལྷ་ཁང་ནང་དུ།། དངུལ་གྱི་རི་མོ་བྲིས་ཡོད།།

ཆར་པ་ལོ་གསུམ་བབས་ཀྱང་།། རི་མོ་ཡལ་རྒྱུ་མིན་འདུག།

ཁྲི་གདུགས་སྤུན་བདུན་ཤར་རུང་།། རི་མོ་སྒྲིབ་རྒྱུ་མིན་འདུག།

མིན་འདུག་མིན་འདུག་མིན་འདུག། ན་བ་ཚ་བ་མིན་འདུག།

འདུག་གོ་འདུག་གོ་འདུག་གོ། དགའ་བ་སྐྱིད་པ་འདུག་གོ།

བཀྲིས་ལུང་པའི་རྩ་བ།། དུང་གི་ལྷ་ཁང་བཞེངས་ཡོད།།

དུང་གི་ལྷ་ཁང་ནང་དུ།། དུང་གི་རི་མོ་བྲིས་ཡོད།།

ཆར་པ་ལོ་གསུམ་བབས་ཀྱང་།། རི་མོ་ཡལ་རྒྱུ་མིན་འདུག།

ཁྲི་གདུགས་སྤུན་བདུན་ཤར་རུང་།། རི་མོ་འགྲིབ་རྒྱུ་མིན་འདུག།

མིན་འདུག་མིན་འདུག་མིན་འདུག། ན་བ་ཚ་བ་མིན་འདུག།

འདུག་གོ་འདུག་གོ་འདུག་གོ། དགའ་བ་སྐྱིད་པ་འདུག་གོ།

 
༡༤༽ དགུང་ས་མི་ཆགས་དགུང་ས་ཆགས།

དགུང་ས་མི་ཆགས་དགུང་ས་ཆགས།། དགུང་དང་ཁྲི་གདུགས་ཉི་མ་ཆགས།།

གངས་སྟོད་མི་ཆགས་ཆགས་པ་གཅིག་གཉིས་གསུམ།།

གངས་དང་སེང་ཆེན་དཀར་མོ་ཆགས་པ་བཞི་ལྔ་དྲུག།

སྤང་གཤོང་མི་ཆགས་སྤང་གཤོང་ཆགས།། སྤང་དང་ཤཝ་རྒྱས་རྭ་ཅུང་ཆགས།།

མཚོ་སྟོད་མི་ཆགས་ཆགས་པ་གཅིག་གཉིས་གསུམ།།

མཚོ་དང་གསེར་མིག་ཉ་མོ་ཆགས་པ་བཞི་ལྔ་དྲུག།

རྫོང་ཆེན་མི་ཆགས་རྫོང་ཆེན་ཆགས།། རྫོང་དང་དབང་ཆེན་དཔོན་པོ་ཆགས།།

གཡུས་བཟང་མི་ཆགས་ཆགས་པ་གཅིག་གཉིས་གསུམ།།

གཡུས་དང་ཡབ་ཡུམ་གཉིས་ཀུ་ཆགས་པ་བཞི་ལྔ་དྲུག།

 
༡༥༽ རས་ཆུང་རྡོ་རྗེ་མི་ཕྱིན་རྡོ་རྗེ་ཕྱིན།

རས་ཆུང་རྡོ་རྗེ་མི་ཕྱིན་རྡོ་རྗེ་ཕྱིན།། རས་ཆུང་རྡོ་རྗེ་སྟེང་ཕྱོགས་ལྷ་ལ་ཕྱིན།།

ལྷ་ཡི་བརྒྱ་བྱིན་དབང་པོ་སྐུ་མཚམས་བཞུགས།། མཚམས་ཁང་སྒོ་ལ་ཀྲག་ཀྲག་ལན་གསུམ་བྱེད།།

རས་ཆུང་ཁྱོད་ལ་གང་དགོས་ཅི་དགོས་གསུངས།། རས་ཆུང་ང་ལ་དགོས་པ་གང་ཡང་མེད།།

ད་ལྟ་བར་ཆད་བསལ་བའི་ཆོས་ཅིག་གསུངས།། ཕྱི་མ་ལམ་སྣ་འདྲེན་པའི་ཆོས་ཅིག་ཞུ།།

རས་ཆུང་རྡོ་རྗེ་མི་ཕྱིན་རྡོ་རྗེ་ཕྱིན།། རས་ཆུང་རྡོ་རྗེ་བར་ཕྱོགས་བཙན་ལ་ཕྱིན།།

བཙན་གྱི་ཡབ་མེས་སྤུན་བདུན་སྐུ་མཚམས་བཞུགས།། མཚམས་ཁང་སྒོ་ལ་ཀྲག་ཀྲག་ལན་གསུམ་བྱེད།།

རས་ཆུང་ཁྱོད་ལ་གང་དགོས་ཅི་དགོས་གསུངས།། རས་ཆུང་ང་ལ་དགོས་པ་གང་ཡང་མེད།།

ད་ལྟ་བར་ཆད་བསལ་བའི་ཆོས་ཅིག་གསུངས།། ཕྱི་མ་ལམ་སྣ་འདྲེན་པའི་ཆོས་ཅིག་ཞུ།།

རས་ཆུང་རྡོ་རྗེ་མི་ཕྱིན་རྡོ་རྗེ་ཕྱིན།། རས་ཆུང་རྡོ་རྗེ་འོག་ཕྱོགས་ཀླུ་ལ་ཕྱིན།།

ཀླུ་ཡི་གཙུག་ན་རིན་ཆེན་སྐུ་མཚམས་བཞུགས།། མཚམས་ཁང་སྒོ་ལ་ཀྲག་ཀྲག་ལན་གསུམ་བྱེད།།

རས་ཆུང་ཁྱོད་ལ་གང་དགོས་ཅི་དགོས་གསུངས།། རས་ཆུང་ང་ལ་དགོས་པ་གང་ཡང་མེད།།

ད་ལྟ་བར་ཆད་བསལ་བའི་ཆོས་ཅིག་གསུངས།། ཕྱི་མ་ལམ་སྣ་འདྲེན་པའི་ཆོས་ཅིག་ཞུ།།

 
༡༦༽ བྱ་མོ་གསེར་ལས་བུ་ཁྲིད་གནམ་ལ་ལྡིང་།

བྱ་མོ་གསེར་ལས་བུ་ཁྲིད་གནམ་ལ་ལྡིང་།། ལྷ་ཡི་བརྒྱ་བྱིན་དབང་པོ་མ་མཇལ་བར།།

བྱ་མོ་རང་ཡུལ་ཕྱོགས་སུ་ལོག་མི་འགྲོ།། གཤོག་སྒྲོ་གཡས་པ་ལྡིང་ཤོག་གསེར་གྱི་བྱ།།

གཤོག་སྒྲོ་གཡོན་པ་ལྡིང་ཤོག་དངུལ་གྱི་བྱ།། གཡས་གཡོན་མེད་པ་ལྡིང་ཤོག་དུང་གི་བྱ།།

བྱ་མོ་དངུལ་ལས་བུ་ཁྲིད་བར་ལ་ལྡིང་།། བཙན་གྱི་ཡབ་མེས་སྤུན་བདུན་མ་མཇལ་བར།།

བྱ་མོ་རང་ཡུལ་ཕྱོགས་སུ་ལོག་མི་འགྲོ།། གཤོག་སྒྲོ་གཡས་པ་ལྡིང་ཤོག་གསེར་གྱི་བྱ།།

གཤོག་སྒྲོ་གཡོན་པ་ལྡིང་ཤོག་དངུལ་གྱི་བྱ།། གཡས་གཡོན་མེད་པ་ལྡིང་ཤོག་དུང་གི་བྱ།།

བྱ་མོ་དུང་ལས་བུ་ཁྲིད་རྩཝ་ལ་ལྡིང་།། ཀླུ་ཡི་གཙུག་ན་རིན་ཆེན་མ་མཇལ་བར།།

བྱ་མོ་རང་ཡུལ་ཕྱོགས་སུ་ལོག་མི་འགྲོ།། གཤོག་སྒྲོ་གཡས་པ་ལྡིང་ཤོག་གསེར་གྱི་བྱ།།

གཤོག་སྒྲོ་གཡོན་པ་ལྡིང་ཤོག་དངུལ་གྱི་བྱ།། གཡས་གཡོན་མེད་པ་ལྡིང་ཤོག་དུང་གི་བྱ།།

 
༡༧༽ གཡུས་ཆུང་བཀྲ་ལ་ཤིས་པའི་ཕུག་ཤིག་ན།

གཡུས་ཆུང་བཀྲ་ལ་ཤིས་པའི་ཕུག་ཤིག་ན།། མདའ་མོ་གསེར་ལས་གྲུབ་པ་ཆ་གཅིག་ཡོད།།

མདའ་མོ་གསེར་མདའ་མ་རེད་ཕྱག་མདའ་རེད།། ཆོས་རྒྱལ་ནོར་བཟང་རྒྱལ་པོའི་ཕྱག་མདའ་རེད།།

མདའ་མོ་རང་ཡུལ་མི་བཞག་མི་ཡུལ་གཏང་།། མི་ཡུལ་ལུང་པའི་ཕྱོགས་སུ་བག་ཆགས་བཞག།

ཕྱག་གཅིག་གཡས་པ་ཚེ་དབང་བུམ་པ་བསྣམས།། ཚེ་དབང་བུམ་པའི་སྐུ་ཚེ་རིང་བར་ཤོག།

ཕྱག་གཅིག་གཡོན་པ་བཀྲིས་ཁ་དར་བསྣམས།། བཀྲིས་ཁ་དར་བཀྲ་ལ་ཤིས་པར་ཤོག།

གཡུས་ཆུང་བཀྲ་ལ་ཤིས་པའི་ཕུག་ཤིག་ན།། མདའ་མོ་དངུལ་ལས་གྲུབ་པ་ཆ་གཅིག་ཡོད།།

མདའ་མོ་དངུལ་མདའ་མ་རེད་ཕྱག་མདའ་རེད།། ཆོས་རྒྱལ་ནོར་བཟང་རྒྱལ་པོའི་ཕྱག་མདའ་རེད།།

མདའ་མོ་རང་ཡུལ་མི་བཞག་མི་ཡུལ་གཏང་།། མི་ཡུལ་ལུང་པའི་ཕྱོགས་སུ་བག་ཆགས་བཞག།

ཕྱག་གཅིག་གཡས་པ་ཚེ་དབང་བུམ་པ་བསྣམས།། ཚེ་དབང་བུམ་པའི་སྐུ་ཚེ་རིང་བར་ཤོག།

ཕྱག་གཅིག་གཡོན་པ་བཀྲིས་ཁ་དར་བསྣམས།། བཀྲིས་ཁ་དར་བཀྲ་ལ་ཤིས་པར་ཤོག།

 
༡༨༽ ལ་གཞོན་པའི་བསོད་ནམས་སྒྲོན་ཞུ་ལ།

ལ་གཞོན་པའི་བསོད་ནམས་སྒྲོན་ཞུ་ལ།། དགུང་ས་བསྐོར་ནས་ལོག་འགྲོ།།

ཁྲི་གདུགས་མཇལ་ནས་ལོག་འགྲོ།། བསོད་ནམས་སྒྲོན་ཞུ་ལ།།

དགུང་དང་ཁྲི་གདུགས་ཉི་མ།། དགོངས་པ་ཞུ་ནས་ལོག་འགྲོ།།

བསོད་ནམས་སྒྲོན་ཞུ་ལ།།

ལ་གཞོན་པའི་བསོད་ནམས་སྒྲོན་ཞུ་ལ།། གངས་སྟོད་བསྐོར་ནས་ལོག་འགྲོ།།

སེང་ཆེན་མཇལ་ནས་ལོག་འགྲོ།། བསོད་ནམས་སྒྲོན་ཞུ་ལ།།

གངས་དང་སེང་ཆེན་དཀར་མོ།། དགོངས་པ་ཞུ་ནས་ལོག་འགྲོ།།

བསོད་ནམས་སྒྲོན་ཞུ་ལ།།

ལ་གཞོན་པའི་བསོད་ནམས་སྒྲོན་ཞུ་ལ།། སྤང་གཤོང་བསྐོར་ནས་ལོག་འགྲོ།།

ཤཝ་རྒྱས་མཇལ་ནས་ལོག་འགྲོ།། བསོད་ནམས་སྒྲོན་ཞུ་ལ།།

སྤང་དང་ཤཝ་རྒྱས་རྭ་ཅུང་།། དགོངས་པ་ཞུ་ནས་ལོག་འགྲོ།།

བསོད་ནམས་སྒྲོན་ཞུ་ལ།།

ལ་གཞོན་པའི་བསོད་ནམས་སྒྲོན་ཞུ་ལ།། མཚོ་སྟོད་བསྐོར་ནས་ལོག་འགྲོ།།

གསེར་མིག་མཇལ་ནས་ལོག་འགྲོ།། བསོད་ནམས་སྒྲོན་ཞུ་ལ།།

མཚོ་དང་གསེར་མིག་ཉ་མོ།། དགོངས་པ་ཞུ་ནས་ལོག་འགྲོ།།

བསོད་ནམས་སྒྲོན་ཞུ་ལ།།

ལ་གཞོན་པའི་བསོད་ནམས་སྒྲོན་ཞུ་ལ།། རྫོང་ཆེན་བསྐོར་ནས་ལོག་འགྲོ།།

དབང་ཆེན་མཇལ་ནས་ལོག་འགྲོ།། བསོད་ནམས་སྒྲོན་ཞུ་ལ།།

རྫོང་དང་དབང་ཆེན་དཔོན་པོ།། དགོངས་པ་ཞུ་ནས་ལོག་འགྲོ།།

བསོད་ནམས་སྒྲོན་ཞུ་ལ།།

ལ་གཞོན་པའི་བསོད་ནམས་སྒྲོན་ཞུ་ལ།། གཡུལ་བཟང་བསྐོར་ནས་ལོག་འགྲོ།།

ཡབ་ཡུམ་མཇལ་ནས་ལོག་འགྲོ།། བསོད་ནམས་སྒྲོན་ཞུ་ལ།།

གཡུལ་དང་ཡབ་ཡུམ་གཉིས་ཀུ།། དགོངས་པ་ཞུ་ནས་ལོག་འགྲོ།།

བསོད་ནམས་སྒྲོན་ཞུ་ལ།།

 
༡༩༽ ས་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན།

ས་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན།། ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན།།

བཞེངས་པ་རྣམ་གསུམ་དགོན་བཟང་ཁྲ་མོ་བཞེངས།།

བཞུགས་པ་རྣམ་གསུམ་མཚན་ལྡན་བླ་མ་བཞུགས།།

མཚན་ལྡན་བླ་མའི་ཐུགས་རིག་དགོངས་པ་ཞུ།།

བྱིན་རླབས་གསུང་སྐུད་བསྟན་པ་དར་སེ་དར།།

ས་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན།། ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན།།

བཞེངས་པ་རྣམ་གསུམ་རྫོང་ཆེན་ཁྲ་མོ་བཞེངས།།

བཞུགས་པ་རྣམ་གསུམ་དབང་ཆེན་དཔོན་པོ་བཞུགས།།

དབང་ཆེན་དཔོན་པོའི་ཐུགས་རིག་དགོངས་པ་ཞུ།།

ཟས་ནོར་ལོངས་སྤྱོད་བསྟན་པ་དར་སེ་དར།།

ས་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན།། ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན།།

བཞེངས་པ་རྣམ་གསུམ་གཡུལ་བཟང་ཁྲ་མོ་བཞེངས།།

བཞུགས་པ་རྣམ་གསུམ་ཡབ་ཡུམ་གཉིས་ཀུ་བཞུགས།།

ཡབ་ཡུམ་གཉིས་ཀྱི་ཐུགས་རིག་དགོངས་པ་ཞུ།།

བུ་དང་བུ་མོའི་བསྟན་པ་དར་སེ་དར།།

 
༢༠༽ རང་སེམས་དཀར་ག་མི་དཀར།

རང་སེམས་དཀར་ག་མི་དཀར་་་་གཡུ་ཆུང་འབྲུག་དཀར།།

དཀར་ཡོལ་ནང་གི་འོ་མ་སྤང་གི་མེ་ཏོག།

དཀར་ཡོལ་དཀྲོགས་དཀྲོགས་བྱེད་རུང་་་གཡུ་ཆུང་འབྲུག་དཀར།།

འོ་མ་འབོ་ས་མིན་འདུག་སྤང་གི་མེ་ཏོག།

རང་སེམས་ཁྲུས་ག་མི་ཁྲུས་་་་གཡུ་ཆུང་འབྲུག་དཀར།།

བུམ་པའི་ནང་གི་ཁྲུས་ཆུ་སྤང་གི་མེ་ཏོག།

བུམ་པ་དཀྲོགས་དཀྲོགས་བྱེད་རུང་་་གཡུ་ཆུང་འབྲུག་དཀར།།

ཁྲུས་ཆུ་འབོ་ས་མིན་འདུག་སྤང་གི་མེ་ཏོག།

རང་སེམས་ཕྲང་ག་མི་ཕྲང་་་་་གཡུ་ཆུང་འབྲུག་དཀར།།

སོ་རས་ནང་གི་མདའ་མོ་སྤང་གི་མེ་ཏོག།

སོ་རས་་དཀྲོགས་དཀྲོགས་བྱེད་རུང་་་གཡུ་ཆུང་འབྲུག་དཀར།།

མདའ་མོ་གཡོ་ས་མིན་འདུག་སྤང་གི་མེ་ཏོག།

རང་སེམས་ལྕང་ག་མི་ལྕང་་་་་གཡུ་ཆུང་འབྲུག་དཀར།།

ཨ་རི་ནང་གི་ལྕང་མོ་སྤང་གི་མེ་ཏོག།

ཨ་རི་དཀྲོགས་དཀྲོགས་བྱེད་རུང་་་གཡུ་ཆུང་འབྲུག་དཀར།།

ལྕང་མོ་འབལ་ས་མིན་འདུག་སྤང་གི་མེ་ཏོག།

 
༢༡༽ རྒྱལ་ས་རྒྱལ་པོ།

རྒྱལ་ས་རྒྱལ་པོ་་་སྐུ་གཟུགས་རྩྭ་རི་སྨྱུག་མ།།

རྒྱལ་ས་རྒྱལ་པོ་་་དབུ་སྐྲ་གསེར་ལིང་འཇམ་པ།།

རྒྱལ་ས་རྒྱལ་པོ་་་ཞལ་རས་དཀར་གསལ་ཟླ་བ།།

རྒྱལ་ས་རྒྱལ་པོ་་་སྤྱན་ནི་གནམ་མཁའི་སྐར་མ།།

རྒྱལ་ས་རྒྱལ་པོ་་་ཕྱག་ནི་དུང་དཀར་གཡས་འཁྱིལ།།

རྒྱལ་ས་རྒྱལ་པོ་་་རྐེདཔ་ནི་རྡོ་རྗེ་དྲིལ་བུ།།

རྒྱལ་ས་རྒྱལ་པོ་་་ཞབས་ནི་རླུང་གི་འཁོར་ལོ།།

 
༢༢༽ རྒྱ་ཡུལ་དཀར་མོའི་གཞུང་ལ།

རྒྱ་ཡུལ་དཀར་མོའི་གཞུང་ལ།།

གསེར་གྱི་ཀ་བ་་་ཀ་བཞི་གདུང་བརྒྱད་ཞེས་པའི།།

ཕུག་ལ་དགོན་པ་མི་ཆགས།། དགོན་པ་སེ་ར་འབྲས་སྤུངས།།

ལྷ་ས་སྐྱིད་ཆུ་སྔོན་མོ།། ངང་པ་བརྒྱ་ཡི་གདན་ས།།

ངང་པ་གཡས་ལ་ཆགས་ན།། གཡས་ལ་དགའ་བ་འདུག་གོ།།

ངང་པ་གཡོན་ལ་ཆགས་ན།། གཡོན་ལ་སྐྱིད་པ་འདུག་གོ།

གཡས་པའི་ལོགས་ལ་ཆང་ཕུད་བཞེས།།

གཡོན་པའི་ལོགས་ལ་ཕྱེ་མར་བཞེས།།

རྒྱ་ཡུལ་དཀར་མོའི་གཞུང་ལ།།

དངུལ་གྱི་ཀ་བ་་་ཀ་བཞི་གདུང་བརྒྱད་ཞེས་པའི།།

ཕུག་ལ་དགོན་པ་མི་ཆགས།། དགོན་པ་སེ་ར་འབྲས་སྤུངས།།

ལྷ་ས་སྐྱིད་ཆུ་སྔོན་མོ།། ངང་པ་བརྒྱ་ཡི་གདན་ས།།

ངང་པ་གཡས་ལ་ཆགས་ན།། གཡས་ལ་དགའ་བ་འདུག་གོ།།

ངང་པ་གཡོན་ལ་ཆགས་ན།། གཡོན་ལ་སྐྱིད་པ་འདུག་གོ།

གཡས་པའི་ལོགས་ལ་ཆང་ཕུད་བཞེས།།

གཡོན་པའི་ལོགས་ལ་ཕྱེ་མར་བཞེས།།

རྒྱ་ཡུལ་དཀར་མོའི་གཞུང་ལ།།

དུང་གི་ཀ་བ་་་ཀ་བཞི་གདུང་བརྒྱད་ཞེས་པའི།།

ཕུག་ལ་དགོན་པ་མི་ཆགས།། དགོན་པ་སེ་ར་འབྲས་སྤུངས།།

ལྷ་ས་སྐྱིད་ཆུ་སྔོན་མོ།། ངང་པ་བརྒྱ་ཡི་གདན་ས།།

ངང་པ་གཡས་ལ་ཆགས་ན།། གཡས་ལ་དགའ་བ་འདུག་གོ།།

ངང་པ་གཡོན་ལ་ཆགས་ན།། གཡོན་ལ་སྐྱིད་པ་འདུག་གོ།

གཡས་པའི་ལོགས་ལ་ཆང་ཕུད་བཞེས།།

གཡོན་པའི་ལོགས་ལ་ཕྱེ་མར་བཞེས།།

 
༢༣༽ དཀར་མ་གླིང་གི་གླིང་སྟོད་ན།

དཀར་མ་གླིང་གི་གླིང་སྟོད་ན།།

གཡང་མེད་ལུག་གཅིག་ཉོ་ལུགས་མཁས།།

ཉོ་ལུགས་མཁས་པ་གཅིག་སེ་ཉོ་ལུགས་མཁས་པ་གཉིས།།

ཉོ་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼སོག་སོག་སོག༽

གཡང་མེད་ལུག་གཅིག་འཚོ་ལུགས་མཁས།།

འཚོ་ལུགས་མཁས་པ་གཅིག་སེ་འཚོ་ལུགས་མཁས་པ་གཉིས།།

འཚོ་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼ཆིད་ཆིད་ཆིད་༽

དཀར་མ་གླིང་གི་གླིང་སྟོད་ན།།

གཡང་མེད་བལ་ཅིག་བཏོག་ལུགས་མཁས།།

བཏོག་ལུགས་མཁས་པ་གཅིག་སེ་བཏོག་ལུགས་མཁས་པ་གཉིས།།

བཏོག་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼ཤེབ་ཤེབ་ཤེབ༽

དཀར་མ་གླིང་གི་གླིང་སྟོད་ན།།

གཡང་མེད་བལ་ཅིག་འཁྱུ་ལུགས་མཁས།།

འཁྱུ་ལུགས་མཁས་པ་གཅིག་སེ་འཁྱུ་ལུགས་མཁས་པ་གཉིས།།

འཁྱུ་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼ཆོབ་ཆོབ་ཆོབ༽

དཀར་མ་གླིང་གི་གླིང་སྟོད་ན།།

གཡང་མེད་བལ་ཅིག་འཁལ་ལུགས་མཁས།།

འཁལ་ལུགས་མཁས་པ་གཅིག་སེ་འཁལ་ལུགས་མཁས་པ་གཉིས།།

འཁལ་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼འུར་འུར་འུར༽

དཀར་མ་གླིང་གི་གླིང་སྟོད་ན།།

གཡང་མེད་བལ་ཅིག་འཐག་ལུགས་མཁས།།

འཐག་ལུགས་མཁས་པ་གཅིག་སེ་འཐག་ལུགས་མཁས་པ་གཉིས།།

འཐག་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼ཐག་ཐག་ཐག༽

དཀར་མ་གླིང་གི་གླིང་སྟོད་ན།།

གཡང་མེད་བགོ་ཅིག་བཙེམ་ལུགས་མཁས།།

བཙེམ་ལུགས་མཁས་པ་གཅིག་སེ་བཙེམ་ལུགས་མཁས་པ་གཉིས།།

བཙེམ་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼སིའུ་སིའུ་སིའུ༽

དཀར་མ་གླིང་གི་གླིང་སྟོད་ན།།

གཡང་མེད་བགོ་ཅིག་གྱོན་ལུགས་མཁས།།

གྱོན་ལུགས་མཁས་པ་གཅིག་སེ་གྱོན་ལུགས་མཁས་པ་གཉིས།།

གྱོན་ལུགས་མཁས་པ་དེ་འདྲ་ལེགས་མོ།། ༼རྣམ་འགྱུར་༽

 
༢༤༽ ཆང་གཙང་སྒོར་མོ་མི་བཙུགས།

ཆང་གཙང་སྒོར་མོ་མི་བཙུགས་་་་སྒོར་མོ་བཙུགས་ཡོད།།

ཆང་གཙང་སྒོར་མོ་བཙུགས་ན།།

(ཉི་མ)ཤར་གྱི་ཕྱོགས་ལ་བཙུགས་ཡོད།།

ཤར་ན་རྡོེ་སེམས་དཔའ།། བདག་གི་བླ་མ་བཞུགས་ཡོད།།

བདག་གི་བླ་མའི་དབུ་ལ།། དབུ་རྒྱན་པད་ཞྭ་བཞེས་ཡོད།།

དབུ་རྒྱན་པད་ཞྭའི་སྟེང་ལ།། གསེར་གྱི་ཉི་ཟླ་སྤུབས་ཡོད།།

གསེར་གྱི་ཉི་ཟླའི་སྟེང་ལ།། གསེར་གྱི་སྦྲང་ཆར་བབ་ཡོད།།

ཆང་གཙང་སྒོར་མོ་མི་བཙུགས་་་་སྒོར་མོ་བཙུགས་ཡོད།།

ཆང་གཙང་སྒོར་མོ་བཙུགས་ན།།

(ཉི་མ)ལྷོ་ཡི་ཕྱོགས་ལ་བཙུགས་ཡོད།།

ལྷོ་ན་རིནེ་འབྱུང་གནས།། བདག་གི་བླ་མ་བཞུགས་ཡོད།།

བདག་གི་བླ་མའི་དབུ་ལ།། དབུ་རྒྱན་པད་ཞྭ་བཞེས་ཡོད།།

དབུ་རྒྱན་པད་ཞྭའི་སྟེང་ལ།། དངུལ་གྱི་ཉི་ཟླ་སྤུབས་ཡོད།།

དངུལ་གྱི་ཉི་ཟླའི་སྟེང་ལ།། དངུལ་གྱི་སྦྲང་ཆར་བབ་ཡོད།།

ཆང་གཙང་སྒོར་མོ་མི་བཙུགས་་་་སྒོར་མོ་བཙུགས་ཡོད།།

ཆང་གཙང་སྒོར་མོ་བཙུགས་ན།།

(ཉི་མ)ནུབ་ཀྱི་ཕྱོགས་ལ་བཙུགས་ཡོད།།

ནུབ་ན་སྣང་བ་མཐའ་ཡས།། བདག་གི་བླ་མ་བཞུགས་ཡོད།།

བདག་གི་བླ་མའི་དབུ་ལ།། དབུ་རྒྱན་པད་ཞྭ་བཞེས་ཡོད།།

དབུ་རྒྱན་པད་ཞྭའི་སྟེང་ལ།། གཡུ་ཡི་ཉི་ཟླ་སྤུབས་ཡོད།།

གཡུ་ཡི་ཉི་ཟླའི་སྟེང་ལ།། གཡུ་ཡི་སྦྲང་ཆར་བབ་ཡོད།།

ཆང་གཙང་སྒོར་མོ་མི་བཙུགས་་་་སྒོར་མོ་བཙུགས་ཡོད།།

ཆང་གཙང་སྒོར་མོ་བཙུགས་ན།།

(ཉི་མ)བྱང་གི་ཕྱོགས་ལ་བཙུགས་ཡོད།།

བྱང་ན་འདོད་ཡོན་གྲུབ་པ།། བདག་གི་བླ་མ་བཞུགས་ཡོད།།

བདག་གི་བླ་མའི་དབུ་ལ།། དབུ་རྒྱན་པད་ཞྭ་བཞེས་ཡོད།།

དབུ་རྒྱན་པད་ཞྭའི་སྟེང་ལ།། དུང་གི་ཉི་ཟླ་སྤུབས་ཡོད།།

དུང་གི་ཉི་ཟླའི་སྟེང་ལ།། དུང་གི་སྦྲང་ཆར་བབ་ཡོད།།

 
༢༥༽ རྫོང་འདི་ཨེ་མ་རུང་གི།

རྫོང་འདི་ཨེ་མ་རུང་གི་ནང་ཤེད་ན།། སོ་ཡ། རྟ་པོ་ཨ་མ་གཅིག་གིས་རྟིའུ་ཅུང་གསུམ།།

རྟིའི་ཅུང་ཆེ་བ་རྒྱ་ལུ་མ་གཏང་ན།། སོ་ཡ། རྒྱ་ཡི་རྒྱ་ནག་རྒྱལ་པོའི་ཆིབས་རྟ་རེད།།

རྟིའུ་ཅུང་བར་བ་བོད་ལུ་མ་གཏང་ན་ལ།། སོ་ཡ། བོད་ཀྱི་སྤྲུལ་པའི་ཆོས་རྒྱལ་ཆིབས་རྟ་རེད།།

རྟིའུ་ཅུང་ཆུང་བ་འབྲུག་ལུ་མ་གཏང་ན།། སོ་ཡ། འབྲུག་གི་དབང་ཆེན་དཔོན་པོའི་ཆིབས་རྟ་རེད།།

ཕུ་འདི་ཡས་ལ་བཞུགས་པའི་དཀོན་གཉེར་ཚོ།། སོ་ཡ། གནས་སྒོ་ཕྱེ་ནས་གནས་བཤད་གཏོང་རོགས་མཛོད།།

གནས་སྒོ་ཕྱེ་ནས་གནས་བཤད་མ་རྒྱབ་ན།། སོ་ཡ། གཞོན་པ་ང་ཚོ་ས་ཐག་རྒྱང་ནས་ཡོང་།།

ས་གཞི་ནག་པོ་འདོམ་གྱིས་འཇལ་ནས་ཡོང་།། སོ་ཡ། སྤྲིན་པ་དཀར་པོ་ཚད་ཀྱིས་བཙུགས་ནས་ཡོང་།།

 
༢༦༽ ཡས་ཀྱི་དགུང་ས་མཐོན་པའི་ཕྱོགས་ལ།

ཡས་ཀྱི་དགུང་ས་མཐོན་པོའི་ཕྱོགས་ལ།། མདའ་མོ་གཏང་ཤོག་གསུངས་ཡོད།།

གཞུ་མོ་བཀུག་ཤོག་གསུངས་ཡོད།། དགུང་དང་ཁྲི་གདུགས་གཉིས་ལས་མིན་འདུག།

མདའ་མོ་གཏང་ནས་གང་བྱེད།། གཞུ་མོ་བཀུག་ནས་གང་བྱེད།།

གཞོན་པོའི་ཨོ་ལོ་རྣམ་པ་གསུམ་པོ།། དགའ་བའི་གླུ་ཞིག་གཏང་ཡོད།།

སྐྱིད་པའི་བྲོ་ཞིག་ཁྲབ་ཡོད།། དགའ་སྐྱིད་ཕུན་སུམ་ཚོགས་པའི་ཞབས་བྲོ།།

ཞབས་བྲོ་ལེགས་མོ་གཅིག་གཉིས་གསུམ།། ཞབས་བྲོ་ལེགས་མོ་བཞི་ལྔ་དྲུག།

བཀྲིས་བཀྲིས་བཀྲིས་ལུང་པའི་ཕུ་ལ།། གསེར་གྱི་བུམ་པ་བཟོ་ལ་ཡག་གཅིག་ཡོད།།

བུམ་པའི་ཁ་རྒྱན་རྨ་བྱའི་མདོངས་སྒྲོ་གཉིས་བྱེད།། བུམ་པའི་ནང་དུ་བུམ་རྫས་ཡག་མོ་གསུམ་བྱེད།།

འདི་གསུམ་འཛོམས་པ་བླ་མའི་ཕྱག་ལ་ཕུལ་ཡོད།། བླ་མའི་ཕྱག་ལས་མཆོག་གི་དངོས་གྲུབ་ཞུའོ།།

ཡས་ཀྱི་གངས་སྟོད་མཐོན་པོའི་ཕྱོགས་ལ།། མདའ་མོ་གཏང་ཤོག་གསུངས་ཡོད།།

གཞུ་མོ་བཀུག་ཤོག་གསུངས་ཡོད།། གངས་དང་སེང་ཆེན་གཉིས་ལས་མིན་འདུག།

མདའ་མོ་གཏང་ནས་གང་བྱེད།། གཞུ་མོ་བཀུག་ནས་གང་བྱེད།།

གཞོན་པོའི་ཨོ་ལོ་རྣམ་པ་གསུམ་པོ།། དགའ་བའི་གླུ་ཞིག་གཏང་ཡོད།།

སྐྱིད་པའི་བྲོ་ཞིག་ཁྲབ་ཡོད།། དགའ་སྐྱིད་ཕུན་སུམ་ཚོགས་པའི་ཞབས་བྲོ།།

ཞབས་བྲོ་ལེགས་མོ་གཅིག་གཉིས་གསུམ།། ཞབས་བྲོ་ལེགས་མོ་བཞི་ལྔ་དྲུག།

བཀྲིས་བཀྲིས་བཀྲིས་ལུང་པའི་ཕུ་ལ།། གསེར་གྱི་བུམ་པ་བཟོ་ལ་ཡག་གཅིག་ཡོད།།

བུམ་པའི་ཁ་རྒྱན་རྨ་བྱའི་མདོངས་སྒྲོ་གཉིས་བྱེད།། བུམ་པའི་ནང་དུ་བུམ་རྫས་ཡག་མོ་གསུམ་བྱེད།།

འདི་གསུམ་འཛོམས་པ་བླ་མའི་ཕྱག་ལ་ཕུལ་ཡོད།། བླ་མའི་ཕྱག་ལས་མཆོག་གི་དངོས་གྲུབ་ཞུའོ།།

ཕས་ཀྱི་སྤང་སྟོད་མཐོན་པོའི་ཕྱོགས་ལ།། མདའ་མོ་གཏང་ཤོག་གསུངས་ཡོད།།

གཞུ་མོ་བཀུག་ཤོག་གསུངས་ཡོད།། སྤང་དང་ཤྭ་རྒྱས་གཉིས་ལས་མིན་འདུག།

མདའ་མོ་གཏང་ནས་གང་བྱེད།། གཞུ་མོ་བཀུག་ནས་གང་བྱེད།།

གཞོན་པོའི་ཨོ་ལོ་རྣམ་པ་གསུམ་པོ།། དགའ་བའི་གླུ་ཞིག་གཏང་ཡོད།།

སྐྱིད་པའི་བྲོ་ཞིག་ཁྲབ་ཡོད།། དགའ་སྐྱིད་ཕུན་སུམ་ཚོགས་པའི་ཞབས་བྲོ།།

ཞབས་བྲོ་ལེགས་མོ་གཅིག་གཉིས་གསུམ།། ཞབས་བྲོ་ལེགས་མོ་བཞི་ལྔ་དྲུག།

ཀྲིས་བཀྲིས་བཀྲིས་ལུང་པའི་ཕུ་ལ།། གསེར་གྱི་བུམ་པ་བཟོ་ལ་ཡག་གཅིག་ཡོད།།

བུམ་པའི་ཁ་རྒྱན་རྨ་བྱའི་མདོངས་སྒྲོ་གཉིས་བྱེད།། བུམ་པའི་ནང་དུ་བུམ་རྫས་ཡག་མོ་གསུམ་བྱེད།།

འདི་གསུམ་འཛོམས་པ་བླ་མའི་ཕྱག་ལ་ཕུལ་ཡོད།། བླ་མའི་ཕྱག་ལས་མཆོག་གི་དངོས་གྲུབ་ཞུའོ།།

མས་ཀྱི་མཚོ་སྟོད་མཐོན་པོའི་ཕྱོགས་ལ།། མདའ་མོ་གཏང་ཤོག་གསུངས་ཡོད།།

གཞུ་མོ་བཀུག་ཤོག་གསུངས་ཡོད།། མཚོ་དང་གསེར་མིག་གཉིས་ལས་མིན་འདུག།

མདའ་མོ་གཏང་ནས་གང་བྱེད།། གཞུ་མོ་བཀུག་ནས་གང་བྱེད།།

གཞོན་པོའི་ཨོ་ལོ་རྣམ་པ་གསུམ་པོ།། དགའ་བའི་གླུ་ཞིག་གཏང་ཡོད།།

སྐྱིད་པའི་བྲོ་ཞིག་ཁྲབ་ཡོད།། དགའ་སྐྱིད་ཕུན་སུམ་ཚོགས་པའི་ཞབས་བྲོ།།

ཞབས་བྲོ་ལེགས་མོ་གཅིག་གཉིས་གསུམ།། ཞབས་བྲོ་ལེགས་མོ་བཞི་ལྔ་དྲུག།

བཀྲིས་བཀྲིས་བཀྲིས་ལུང་པའི་ཕུ་ལ།། གསེར་གྱི་བུམ་པ་བཟོ་ལ་ཡག་གཅིག་ཡོད།།

བུམ་པའི་ཁ་རྒྱན་རྨ་བྱའི་མདོངས་སྒྲོ་གཉིས་བྱེད།། བུམ་པའི་ནང་དུ་བུམ་རྫས་ཡག་མོ་གསུམ་བྱེད།།

འདི་གསུམ་འཛོམས་པ་བླ་མའི་ཕྱག་ལ་ཕུལ་ཡོད།། བླ་མའི་ཕྱག་ལས་མཆོག་གི་དངོས་གྲུབ་ཞུའོ།།

ཕས་ཀྱི་གཡུས་བཟང་མཐོན་པོའི་ཕྱོགས་ལ།། མདའ་མོ་གཏང་ཤོག་གསུངས་ཡོད།།

གཞུ་མོ་བཀུག་ཤོག་གསུངས་ཡོད།། གཡུས་དང་ཡབ་ཡུམ་གཉིས་ལས་མིན་འདུག།

མདའ་མོ་གཏང་ནས་གང་བྱེད།། གཞུ་མོ་བཀུག་ནས་གང་བྱེད།།

གཞོན་པོའི་ཨོ་ལོ་རྣམ་པ་གསུམ་པོ།། དགའ་བའི་གླུ་ཞིག་གཏང་ཡོད།།

སྐྱིད་པའི་བྲོ་ཞིག་ཁྲབ་ཡོད།། དགའ་སྐྱིད་ཕུན་སུམ་ཚོགས་པའི་ཞབས་བྲོ།།

ཞབས་བྲོ་ལེགས་མོ་གཅིག་གཉིས་གསུམ།། ཞབས་བྲོ་ལེགས་མོ་བཞི་ལྔ་དྲུག།

བཀྲིས་བཀྲིས་ལུང་པའི་ཕུ་ལ།། གསེར་གྱི་བུམ་པ་བཟོ་ལ་ཡག་གཅིག་ཡོད།།

བུམ་པའི་ཁ་རྒྱན་རྨ་བྱའི་མདོངས་སྒྲོ་གཉིས་བྱེད།། བུམ་པའི་ནང་དུ་བུམ་རྫས་ཡག་མོ་གསུམ་བྱེད།།

འདི་གསུམ་འཛོམས་པ་བླ་མའི་ཕྱག་ལ་ཕུལ་ཡོད།། བླ་མའི་ཕྱག་ལས་མཆོག་གི་དངོས་གྲུབ་ཞུའོ།།

 
༢༧༽ རྒྱ་ལུ་སྐྱེས་པའི་རྨ་བྱ།

རྒྱ་ལུ་སྐྱེས་པའི་རྨ་བྱ།། གསུང་ལ་ཨེ་མོ་རུ་རུ། སྐྱེས་ཡང་རྒྱ་ལུ་སྐྱེས་སོང་།།

སྐྱེས་ཡང་རྒྱ་ལུ་སྐྱེས་སོང་།། གསུང་ལ་ཨེ་མོ་རུ་རུ། སྦོམ་ཡང་རྒྱ་ལུ་སྦོམ་སོང་།།

སྦོམ་ཡང་རྒྱ་ལུ་སྦོམ་སོང་།། གསུང་ལ་ཨེ་མོ་རུ་རུ། རྒྱ་ཡུལ་ཚད་པས་འགོར་སོང་།།

རྒྱ་ཡུལ་ཚད་པས་འགོར་སོང་།། གསུང་ལ་ཨེ་མོ་རུ་རུ། སྨན་ཆེན་ག་བུར་དྲན་སོང་།།

བོད་ལུ་སྐྱེས་པའི་ཁྲུང་ཁྲུང་།། གསུང་ལ་ཨེ་མོ་རུ་རུ། སྐྱེས་ཡང་བོད་ལུ་སྐྱེས་སོང་།།

སྐྱེས་ཡང་བོད་ལུ་སྐྱེས་སོང་།། གསུང་ལ་ཨེ་མོ་རུ་རུ། སྦོམ་ཡང་བོད་ལུ་སྦོམ་སོང་།།

སྦོམ་ཡང་བོད་ལུ་སྦོམ་སོང་།། གསུང་ལ་ཨེ་མོ་རུ་རུ། བོད་རི་ཁ་བས་འགོར་སོང་།།

བོད་རི་ཁ་བས་འགོར་སོང་།། གསུང་ལ་ཨེ་མོ་རུ་རུ། རྐང་པ་ལྷམ་ཅུང་དྲན་སོང་།།

 
༢༨༽ཤོག་ཤོག་ཚེ་རིང་ལ།

ཤོག་ཤོག་ཚེ་རིང་ལ་འཇམ་མོ་ཤོག། ལ་མོ་ནི་སྣ་ཐང་ལ་མོ།།

ཁ་བ་ཆེན་པོ་རྒྱབ་སོང་།། ཚེ་རིང་ལ་འཇམ་མོ་ཤོག།

ཤོག་ཤོག་ཚེ་རིང་ལ་འཇམ་མོ་ཤོག། ཤོ་དྲེལ་མེ་ཏོག་ཚལ་མོ།།

མཐོ་བའི་ལ་མོ་བརྒལ་སོང་།། ཚེ་རིང་ལ་འཇམ་མོ་ཤོག།

ཤོག་ཤོག་ཚེ་རིང་ལ་འཇམ་མོ་ཤོག། ཤོ་དྲེལ་མེ་ཏོག་ར་མོ།།

ཁ་བའི་ནང་དུ་ལུས་སོང་།། ཚེ་རིང་ལ་འཇམ་མོ་ཤོག།

ཤོག་ཤོག་ཚེ་རིང་ལ་འཇམ་མོ་ཤོག། དྲེལ་དཔོན་བཀྲིས་དོན་གྲུབ།།

ལ་མོའི་ལ་གཞོལ་ལུས་སོང་།། ཚེ་རིང་ལ་འཇམ་མོ་ཤོག།

ཤོག་ཤོག་ཚེ་རིང་ལ་འཇམ་མོ་ཤོག། ཐང་གསུམ་གླིང་མའི་ཐང་ལ།།

ཁོ་སྨོན་དྲན་གཅིག་བསམ་གཅིག། ཚེ་རིང་ལ་འཇམ་མོ་ཤོག།

ཤོག་ཤོག་ཚེ་རིང་ལ་འཇམ་མོ་ཤོག། དྲེལ་དཔོན་བཀྲིས་དོན་གྲུབ།།

ཁོ་སྨོན་དྲི་ཙམ་བྱ་ཅིག། ཚེ་རིང་ལ་འཇམ་མོ་ཤོག།

ཤོག་ཤོག་ཚེ་རིང་ལ་འཇམ་མོ་ཤོག།

 
༢༩༽ རི་ལ་ཆེན་པོ་རི་ཡི་རྩ་བ་ན།

རི་ལ་ཆེན་པོ་རི་ཡི་རྩ་བ་ན།། ཆུ་མར་འགྲོ་འགྲོ་འགྲོ་འདི་ལས་གསེར་གཅིག་འཁྲུངས།།

ཆུ་མར་འགྲོ་འགྲོ་འགྲོ་འདི་ལས་གསེར་གཅིག་འཁྲུངསན།། ཕོ་བསོད་ནམས་ཅན་གྱིས་ལྷ་ལ་ཡོན་ཆབ་ཕུལ།།

རི་ལ་ཆེན་པོ་རི་ཡི་རྐེད་པ་ན།། ས་ཡ་རི་ཐམས་ཅད་ངང་སྒོ་མེ་ཏོག་ཤར།།

ས་ཡ་རི་ཐམས་ཅད་ངང་སྒོ་མེ་ཏོག་ཤརན།། ཕོ་བསོད་ནམས་ཅན་གྱིས་ལྷ་ལ་མེ་ཏོག་ཕུལ།།

རི་ལ་ཆེན་པོ་རི་ཡི་རྩེ་མོ་ན།། ས་ཡ་རི་ཐམས་ཅད་བ་ལུ་སུ་ལུ་འཁྲུངས།།

ས་ཡ་རི་ཐམས་ཅད་བ་ལུ་སུ་ལུ་འཁྲུངསན།། ཕོ་བསོད་ནམས་ཅན་གྱིས་ལྷ་ལ་བསངས་ཅིག་བཏང་།།

 
༣༠༽ གནས་ཆེན་གདོང་དཀར་ལ་ལས།

གནས་ཆེན་གདོང་དཀར་ལ་ལས།། སྤ་མཐོང་ཝང་མཐོང་ཨིན་མས།།

ཤོག་བུ་མོ་ཤོག། ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཤོག།

སྤ་མཐོང་ཝང་མཐོང་མཐོང་རུང་།། སེམས་ཀྱི་འཁྲུལ་རོགས་ཨིན་མས།།

ཤོག་བུ་མོ་ཤོག། ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཤོག།

ཇོ་མོོ་རིན་ཆེན་ལ་ལས།། རྒྱ་མཐོང་་བོད་མཐོང་མཐོང་མས།།

བྱ་འདི་ཁྲུང་ཁྲུང་དཀར་མོ།། མི་མང་གི་ཨ་རོགས།།

གཤོག་རྩལ་ང་ལ་གཡར་དང་།། བྱང་ཆུབ་ཤིང་གི་པ་ཏྲ།།

ཐག་རིང་རྒྱང་ལ་མི་འགྲོ།། མི་མང་གི་ཨ་རོགས།།

ལི་ཐང་བསྐོར་ནས་ལོག་ཡོང་།། བྱང་ཆུབ་ཤིང་གི་པ་ཏྲ།།

སྤང་གི་ལྷ་བྱ་གོང་མོ།། མི་མང་གི་ཨ་རོགས།།

ཕ་ཡུལ་མིན་འདུག་མ་གསུང་།། བྱང་ཆུབ་ཤིང་གི་པ་ཏྲ།།

རི་མགོ་མཐོ་རི་མཐོ་ཚད།། མི་མང་གི་ཨ་རོགས།།

ལྷ་བྱ་གོང་མའི་ཕ་ཡུལ།། བྱང་ཆུབ་ཤིང་གི་པ་ཏྲ།།

 
༣༢༽ དགུང་སྟོད་བརྒྱ་ཡང་འཛོམས་ས།

དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས།།

ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན།།

གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས།།

འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ།།

གངས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས།།

གངས་སེང་དཀར་མོ་འཛོམས་པ་གསེར་ལས་དཀོན།།

གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས།།

འབྲལ་བ་འའབྲལ་ས་མེད་པའི་སྨོན་ལམ་ཞུ།།

སྤང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས།།

ཤཝ་རྒྱས་རྭ་བཅུ་འཛོམས་པ་གསེར་ལས་དཀོན།།

གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས།།

འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ།།

མཚོ་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས།།

སེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན།།

གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས།།

འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ།།

རྫོང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས།།

དབང་ཆེན་དཔོན་པོ་འཛོམས་པ་གསེར་ལས་དཀོན།།

གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས།།

འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ།།

ནགས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས།།

སྟག་མོ་རི་མཛེས་འཛོམས་པ་གསེར་ལས་དཀོན།།

གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས།།

འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ།།

 
༣༣༽ དག་པ་དབུས་གཙང་ཕྱོགས་ལ།

དག་པ་དབུས་གཙང་ཕྱོགས་ལ་བལྟས་ཙ་ན།། མ་དག་ཐ་མལ་ཕྱོགས་ལ་ཞེན་པ་ལོག།

ཤོ་ལེ་མོ་ཤོག་་་ཤོ་ལེ་ཡ་་་ཤོ་ལེ་ཤོག

ཡར་ཡར་བྱང་ཐང་པདྨའི་གྲོང་དབུས་སུ།། མགོ་ལ་དཀར་པོ་གངས་རི་སྤུབས་པ་འདྲ།།

ཤོ་ལེ་མོ་ཤོག་་་ཤོ་ལེ་ཡ་་་ཤོ་ལེ་ཤོག

ཕྱག་ལ་གཡས་པ་ཤེས་རབ་རལ་གྲི་བསྣམས།། དམ་ཉམས་རྒྱ་འདྲེ་མགོ་ལ་ཆེམས་སེ་ཆེམས།།

ཤོ་ལེ་མོ་ཤོག་་་ཤོ་ལེ་ཡ་་་ཤོ་ལེ་ཤོག

ཕྱག་ལ་གཡོན་པ་སྦྲུལ་གྱི་ཞགས་པ་འཛིན།། དམ་ཉམས་རྒྱ་འདྲེ་སྐེད་ལ་བཅིངས་སེ་བཅིངས།།

ཤོ་ལེ་མོ་ཤོག་་་ཤོ་ལེ་ཡ་་་ཤོ་ལེ་ཤོག

ཁམས་པ་དབུ་ཚུགས་ཅན་གྱི་ཕོགས་ས་ན།། ལུས་ལ་དཔའ་བོའི་གོ་ཁྲབ་སི་ལི་ལི།།

ཤོ་ལེ་མོ་ཤོག་་་ཤོ་ལེ་ཡ་་་ཤོ་ལེ་ཤོག

འོག་ལ་ལྕང་ཤེས་རྟ་པོ་འཁྱུག་སེ་འཁྱུག། གེ་སར་དགྲའི་བར་ན་ཁེངས་སེ་ཁེངས།།

ཤོ་ལེ་མོ་ཤོག་་་ཤོ་ལེ་ཡ་་་ཤོ་ལེ་ཤོག

ལྷ་དང་སྲུང་མའི་སྐྱབས་རྟེན་བཟང་སེ་བཟང་།། སངས་རྒྱས་བསྟན་པ་དགུང་ལས་ལོས་ཀྱང་མཐོ།།

ཤོ་ལེ་མོ་ཤོག་་་ཤོ་ལེ་ཡ་་་ཤོ་ལེ་ཤོག

 
༣༤༽ ཚེས་ཆེན་བཅོ་ལྔའི་ཟླ་བ།

ཚེས་ཆེན་བཅོ་ལྔའི་ཟླ་བ།། ཤར་རིའི་རྩེ་ནས་ཤར་སོང་།།

ཤར་རིའི་རྩེ་ནས་ཤར་ནས།། འགྲོ་བའི་མུན་པ་སེལ་སོང་།།

འགྲོ་བའི་མུན་པ་སེལ་ནས།། དགའ་བ་སྐྱིད་པ་འདུག་གོ།

གསེར་གླིང་གྲུ་བཞི་ནང་ལས།། གསེར་གྱི་མེ་ཏོག་ཤར་སོང་།།

གསེར་གྱི་མེ་ཏོག་ཤར་ནས།། ཕུལ་ས་བླ་མའི་ཕྱག་ལུ།།

བླ་མའི་ཕྱག་ལུ་ཕུལ་ནས།། མཆོག་གི་དངོས་གྲུབ་ཞུས་སོང་།།

དངུལ་གླིང་གྲུ་བཞི་ནང་ལས།། དངུལ་གྱི་མེ་ཏོག་ཤར་སོང་།།

དངུལ་གྱི་མེ་ཏོག་ཤར་ནས།། ཕུལ་ས་རྒྱལ་པོའི་ཕྱག་ལུ།།

རྒྱལ་པོའི་ཕྱག་ལུ་ཕུལ་ནས།། རྒྱལ་སྲིད་བསྟན་པ་དར་སོང་།།

དུང་གླིང་གྲུ་བཞི་ནང་ལས།། དུང་གི་མེ་ཏོག་ཤར་སོང་།།

དུང་གི་མེ་ཏོག་ཤར་ནས།། ཕུལ་ས་ཡམ་ཡུམ་ཕྱག་ལུ།།

ཡབ་ཡུམ་ཕྱག་ལུ་ཕུལ་ནས།། བྱམས་བརྩེ་སྔར་ལས་ཆེ་སོང་།།

ཕར་རི་སྤང་གི་ལོགས་ལས།། ཧ་ལོའི་མེ་ཏོག་ཤར་སོང་།།

ཧ་ལོའི་མེ་ཏོག་ཤར་ནས།། ཕུལ་ས་དགའ་བའི་མི་ལུ།།

དགའ་བའི་མི་ལུ་ཕུལ་ནས།། དམ་ཚིག་སྔར་ལས་དར་སོང་།།

 
༣༥༽ གཟིམ་ཅུང་ཤར་གྱི་ཕྱོགས་ལ།

གཟིམ་ཅུང་ཤར་གྱི་ཕྱོགས་ལ།། བླ་མའི་གཟིམ་ཅུང་འདྲ་དོ།།

བླ་མའི་གཟིམ་ཅུང་ནང་ལ།། རྒྱབ་ལ་གསེར་ཁྲི་དངུལ་ཁྲི།།

གསེར་ཁྲི་དངུལ་ཁྲི་སྟེང་ལ།། བཞུགས་གདན་སྟག་ལྤགས་གཟིག་ལྤགས།།

སྟག་ལྤགས་གཟིག་ལྤགས་སྟེང་ལ།། རྒྱལ་བ་བྱམས་པ་བཞུགས་ཡོད།།

རྒྱལ་བ་བྱམས་པའི་ཕྱག་ལ།། ཚེ་དབང་བུམ་པ་བསྣམས་ཡོད།།

ཚེ་དབང་བུམ་པའི་ཁ་རྒྱན།། རྒྱ་ཡི་རྨ་བྱ་མདོངས་སྒྲོ།།

ཚེ་དབང་བུམ་པའི་ན་བཟའ།། རྒྱ་ཡི་དར་དང་གོས་ཆེན།།

ཚེ་དབང་བུམ་པའི་བུམ་རྫས།། ཁ་ཆེ་བོད་ཀྱི་དྲི་བཟང་།།

ཚེ་དབང་བུམ་པའི་བུམ་ཆུ།། ཆུ་ཆེན་གཡས་རི་གཙང་ཆུ།།

རང་དང་འཆམ་རིགས་འཆམ་ཚད།། ཁྲུས་ཆུ་བཞེས་པར་བྱོན་ཤོག།

ཁྲུས་ཆུ་བཞེས་རེ་བཞེས་ཚད།། ངན་སོང་དམྱལ་བར་མི་གཏང་།།

 
༣༦༽ ལྷུན་གྲུབ་རྩེ་གི་རྫོང་ཆེན།

ལྷུན་གྲུབ་རྩེ་གི་རྫོང་ཆེན།། འཕུར་འགྲོ་ཆགས་པ་འདྲ་དོ།།

འཕུར་འགྲོ་ཆགས་པ་འདྲཝ་ལས།། རྟེན་འབྲེལ་བཟང་པོ་འདུག་གོ།

ལྷུན་གྲུབ་རྩེ་གི་སྒོ་ར།། གསེར་སྒོ་དངུལ་སྒོ་འདྲ་དོ།།

གསེར་སྒོ་དངུལ་སྒོ་འདྲཝ་ལས།། རྟེན་འབྲེལ་བཟང་པོ་འདུག་གོ།

ལྷུན་གྲུབ་རྩེ་གི་རྡོ་གཅལ།། གཡུ་ཆུང་གྲུ་དཀར་འདྲ་དོ།།

གཡུ་ཆུང་གྲུ་དཀར་འདྲཝ་ལས།། རྟེན་འབྲེལ་བཟང་པོ་འདུག་གོ།

ལྷུན་གྲུབ་རྩེ་གི་སྒོ་ཐེམ།། ཆོས་ཀྱི་པོ་སྟི་འདྲ་དོ།།

ཆོས་ཀྱི་པོ་སྟི་འདྲཝ་ལས།། རྟེན་འབྲེལ་བཟང་པོ་འདུག་གོ།

ལྷུན་གྲུབ་རྩེ་གི་གཟིམ་ཅུང་།། བཀྲིས་སྒོ་མང་འདྲ་དོ།།

བཀྲིས་སྒོ་མང་འདྲཝ་ལས།། རྟེན་འབྲེལ་བཟང་པོ་འདུག་གོ།

 
༣༧༽ རི་འདི་མི་འགྱུར་མནོ་བ་འགྱུར་མས་སྨོ།

རི་འདི་མི་འགྱུར་མནོ་བ་རི་འདི་འགྱུར་མས་སྨོ།། ཡ་ལ་རི་འདི་གཱན་འབད་འགྱུར་བ་སྨོ།།

རི་ལ་འགྱུར་འདི་རྩྭ་གིས་རྐྱབ་མས་སྨོ།། རྩྭ་ལ་འགྱུར་རུང་ཤཝ་རྒྱས་སྡིག་ཆེ་བས།།

རབ་འདི་མི་འགྱུར་མནོ་བ་རབ་འདི་འགྱུར་མས་སྨོ།། ཡ་ལ་རབ་འདི་གཱན་འབད་འགྱུར་བ་སྨོ།།

རབ་ལ་འགྱུར་འདི་ཆུ་གིས་རྐྱབ་མས་སྨོ།། ཆུ་ལ་འགྱུར་རུང་གསེར་མིག་སྡིག་ཆེ་བས།།

མི་འདི་མི་འགྱུར་མནོ་བ་མི་འདི་འགྱུར་མས་སྨོ།། ཡ་ལ་མི་འདི་གཱན་འབད་འགྱུར་བ་སྨོ།།

མི་ལ་འགྱུར་འདི་སེམས་ཀྱིས་རྐྱབ་མས་སྨོ།། སེམས་ལ་འགྱུར་རུང་སྨན་ཆུང་སྡིག་ཆེ་བས།།

 
༣༨༽ ཤར་ཕྱོགས་གོས་དཀར་ལ་མོའི་ལ་སྟོད་ན།

ཤར་ཕྱོགས་ལ་གོས་དཀར་ལ་མོའི་ལ་སྟོད་ལ་གཞོལ་ན།།

ལ་སྟོད་ཡས་ལ་ཁ་བ་ཆེ་ཙམ་འདུག་ཆུང་ཙམ་འདུག།

ཁ་བ་ཆེ་བ་རྣམས་སུ་ཁྲི་གདུགས་ཤར་ཉི་མ་ཤར།།

ང་དང་ཁྲི་གདུགས་ཉི་མ་ཤར་ནས་ཡོང་འཕྲོས་ནས་ཡོང་།།

ཁ་བ་ཆུང་བ་རྣམས་སུ་ལྷམ་ཆེན་བཙུགས་ལྷམ་ཆུང་བཙུགས།།

ང་དང་ལྷམ་ཆེན་ལྷམ་ཆུང་བཙུགས་ནས་ཡོང་འཁྲིལ་ནས་ཡོང་།།

ཤར་ཕྱོགས་ལ་གོས་དཀར་ལ་མོའི་ལ་སྟོད་ལ་གཞོལ་ན།།

ལ་སྟོད་ཡས་ལ་ཤིང་མོ་ཆེ་ཙམ་འདུག་ཆུང་ཙམ་འདུག།

ཤིང་མོ་ཆེ་བ་རྣམས་སུ་སྟྭར་ཆེན་སྦྱར་སྟྭར་ཆུང་སྦྱར།།

ང་དང་སྟྭར་ཆེན་སྟྭར་ཆུང་སྦྱར་ནས་ཡོང་འཁྲིལ་ནས་ཡོང་།།

ཤིང་མོ་ཆུང་བ་རྣམས་སུ་སོག་ལེ་སྦྱར་ངར་ལེ་སྦྱར།།

ང་དང་སོག་ལེ་ངར་ལེ་སྦྱར་ནས་ཡོང་འཁྲིལ་ནས་ཡོང་།།

ཤར་ཕྱོགས་ལ་གོས་དཀར་ལ་མོའི་ལ་སྟོད་ལ་གཞོལ་ན།།

ལ་སྟོད་ཡས་ལ་ཆུ་མོ་ཆེ་ཙམ་འདུག་ཆུང་ཙམ་འདུག།

ཆུ་མོ་ཆེ་བ་རྣམས་སུ་གྲུ་ཆེན་བཏང་གྲུ་ཆུང་བཏང་།།

ང་དང་གྲུ་ཆེན་གྲུ་ཆུང་བཏང་ནས་ཡོང་འཁྲིལ་ནས་ཡོང་།།

ཆུ་མོ་ཆུང་བ་རྣམས་སུ་ཟམ་ཆེན་བཙུགས་ཟམ་ཆུང་བཙུགས།།

ང་དང་ཟམ་ཆེན་ཟམ་ཆུང་བཙུགས་ནས་ཡོང་འཁྲིལ་ནས་ཡོང་།།

 
༣༩༽ ཤར་དགུང་སངས་ལ་མོ།

ཤར་དགུང་སངས་ལ་མོའི་རི་མགོ་ལས་འཐོན་པའི།། ངེ་བུ་མོའི་ལུས་ལ་དབུ་ཞྭ་མིན་འདུག་མ་གསུང་།།

ཚེ་རིང་དཀྱིལ་ཁབ་འབྱུང་ན་དབུ་ཞྭ་གཅིག་རེད།། ཤར་དགུང་སངས་ལ་མོའི་རི་མགོ་ལས་འཐོན་པའི།།

ངེ་བུ་མོའི་ལུས་ལ་རྣ་གཡུ་མིན་འདུག་མ་གསུངས།། གཡུ་ཆུང་འབྲུ་དཀར་འབྱུང་ན་རྣ་གཡུ་ཞིག་རེད།།

ཤར་དགུང་སངས་ལ་མོའི་རི་མགོ་ལས་འཐོན་པའི།། ངེ་བུ་མོའི་ལུས་ལ་རྒྱན་ཆ་མིན་འདུག་མ་གསུངས།།

གཡུ་དང་བྱུ་རུ་འབྱུང་ན་རྒྱན་ཆ་གཅིག་རེད།། ཤར་དགུང་སངས་ལ་མོའི་རི་མགོ་ལས་འཐོན་པའི།།

ངེ་བུ་མོའི་ལུས་ལ་ན་བཟའ་མིན་འདུག་མ་གསུངས།། སྐད་ཤུད་འཐག་རས་འབྱུང་ན་ན་བཟའ་གཅིག་རེད།།

ཤར་དགུང་སངས་ལ་མོའི་རི་མགོ་ལས་འཐོན་པའི།། ངེ་བུ་མོའི་ལུས་ལ་སྐུ་སྟོད་མིན་འདུག་མ་གསུངས།།

ཁ་ཤ་སྤུ་ཕྲུག་འབྱུང་ན་སྐུ་སྟོད་གཅིག་རེད།། ཤར་དགུང་སངས་ལ་མོའི་རི་མགོ་ལས་འཐོན་པའི།།

ངེ་བུ་མོའི་ལུས་ལ་སྐུ་བཅིངས་མིན་འདུག་མ་གསུངས།། སྐུད་པ་སྣ་ལྔ་འབྱུང་ན་སྐུ་བཅིངས་གཅིག་རེད།།

 
༤༠༽ ཕུ་ལ་མི་ཆགས།

ཕུ་ལ་མི་ཆགས་ཕུ་ལ་ཆགས།། ཕུ་ལ་ཡས་ཀྱི་གངས་རི་དཀར་པོ་ཆགས།།

གངས་རི་དཀར་པོ་ལོས་ཀྱང་ཆགས།། སེང་ཆེན་དཀར་མོ་བརྒྱ་ཡི་འཁྱམས་ས་རེད།།

མ་བརྡུང་ཙ་ན་སྒོར་མོ་རེད།། བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད།།

མ་རྒྱབ་ཤ་བའི་སྤུངས་མཆོང་རེད།། རྒྱབ་ལ་ཟེར་ན་བུ་མོའི་ཞབས་བྲོ་རེད།།

བར་ལ་མི་ཆགས་བར་ལ་ཆགས།། བར་ལ་དབུས་ཀྱི་ལྷ་ཁང་གྲུ་བཞི་ཆགས།།

ལྷ་ཁང་གྲུ་བཞི་ལོས་ཀྱང་ཆགས།། མཚན་ལྡན་བླ་མ་བརྒྱ་ཡི་གདན་ས་རེད།།

མ་བརྡུང་ཙ་ན་སྒོར་མོ་རེད།། བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད།།

མ་རྒྱབ་ཤ་བའི་སྤུངས་མཆོང་རེད།། རྒྱབ་ལ་ཟེར་ན་བུ་མོའི་ཞབས་བྲོ་རེད།།

མདའ་ལ་མི་ཆགས་མདའ་ལ་ཆགས།། མདའ་ལ་མས་ཀྱི་རྫོང་ཆེན་ཁྲ་མོ་ཆགས།།

རྫོང་ཆེན་ཁྲ་མོ་ལོས་ཀྱང་ཆགས།། དབང་ཆེན་དཔོན་པོ་བརྒྱ་ཡི་བཞུགས་ས་རེད།།

མ་བརྡུང་ཙ་ན་སྒོར་མོ་རེད།། བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད།།

མ་རྒྱབ་ཤ་བའི་སྤུངས་མཆོང་རེད།། རྒྱབ་ལ་ཟེར་ན་བུ་མོའི་ཞབས་བྲོ་རེད།།

 
༤༡༽ གནས་འདི་ནས་ཕར་ལ་མཇལ་ཙ་ན།

གནས་འདི་ནས་ཕར་ལ་མཇལ་ཙ་ན།། ཕ་ཨྱོན་གུ་རུ་བཞུགས་བཞུགས་འདྲ།།

བྲག་ཤེལ་དཀར་བྲག་ལ་སྐུ་རྗེས་བཞག། མཚན་ཡོངས་གྲགས་སྐུ་རྗེས་ལྷ་ཁང་བཞེངས།།

ཡིད་མོས་གུས་གདུང་བའི་གུས་ཕྱག་འཚལ།། ཕ་མཆོག་གིས་དངོས་གྲུབ་སྩོལ་དུ་གསོལ།།

གནས་འདི་ནས་ཕར་ལ་མཇལ་ཙ་ན།། འཕགས་རྒྱལ་བ་བྱམས་པ་བཞུགས་བཞུགས་འདྲ།།

ཐང་བུམ་པའི་ཐང་ལ་གདན་ས་བཅགས།། མཚན་ཡོངས་གྲགས་བྱམས་པ་ལྷ་ཁང་བཞེངས།།

ཡིད་མོས་གུས་གདུང་བའི་གུས་ཕྱག་འཚལ།། ཕ་མཆོག་གི་དངོས་གྲུབ་སྩོལ་དུ་གསོལ།།

གནས་འདི་ནས་ཉི་མ་ནུབ་ཀྱི་ཕྱོགས།། ནུབ་སྤྲིད་དཀར་དྭངས་མ་དེ་ཡི་འོག།

སྤྱིར་མཚན་ལྡན་བླ་མ་བཀའ་ཆོས་གནང་།། དབུས་མན་ཌལ་ཚོམ་བུ་སྐུ་མཚམས་བཞུགས།།

 
༤༢༽ གངས་སེང་དཀར་མོ་གཡུ་རལ་རྒྱས་པ་དེ།

གངས་སེང་དཀར་མོ་གཡུ་རལ་རྒྱས་པ་དེ།། གངས་རི་དཀར་པོ་ང་ལ་མ་ཆགས་ཤིག།

ང་ལས་ལྷག་པའི་གངས་དཀར་ཏི་སི་ཡོད།། གངས་རི་ང་ནི་ཉི་མས་བཞུ་ཉེན་འདུག།

ཐང་དཀར་རྒོད་པོ་གཤོག་རྩལ་འཛོམས་པ་ཁྱོད།། བྲག་སྟོད་མཐོན་པོ་ང་ལ་མ་ཆགས་ཤིག།

ང་ལས་ལྷག་པའི་རི་རྒྱལ་ལྷུན་པོ་ཡོད།། བྲག་རི་ང་ནི་ཐོཝ་གིས་གཏོར་ཉེན་འདུག།

བཅོ་བརྒྱད་ཤ་བ་དུང་རྭ་རྒྱས་པ་ཁྱོད།། སྤང་གཤོང་ལྡེ་མོ་ང་ལ་མ་ཆགས་ཤིག།

ང་ལས་ལྷག་པའི་རྩྭ་ཆུ་གངས་འཛོམས་ཡོད།། སྤང་རི་ང་ནི་སད་ཀྱིས་བཅོམ་ཉེན་འདུག།

ཉ་ཆུང་གསེར་མིག་འཁྱུག་འགྲོས་མཁས་པ་ཁྱོད།། མཚོ་སྟོད་མཐོན་པོ་ང་ལ་མ་ཆགས་ཤིག།

ང་ལས་ལྷག་པའི་རྒྱ་མཚོ་ཆེན་པོ་ཡོད།། མཚོ་མོ་ང་ནི་ཉི་མས་སྐམ་ཉེན་འདུག།

གསུང་སྙན་བསྒྱུར་བའི་ལྕང་གླིང་འཇོལ་མོ་ཁྱོད།། ལྕང་གླིང་གྲུ་བཞི་ང་ལ་མ་ཆགས་ཤིག།

ང་ལས་ལྷག་པའི་སྐྱེད་ཚལ་ཀླུ་སྡིངས་ཡོད།། ལྕང་མོ་ང་ནི་ནམ་མཇུག་བསྡུ་ཉེན་འདུག།

དངུལ་ཤོག་ཅན་གྱི་གསེར་སྦྲང་བུང་བ་ཁྱོད།། ཧ་ལོའི་མེ་ཏོག་ང་ལ་མ་ཆགས་ཤིག།

ང་ལས་ལྷག་པའི་པད་སྡོང་ལྡུམ་ར་ཡོད།། མེ་ཏོག་ང་ནི་སེར་བས་བཅོམ་ཉེན་འདུག།

ཨ་མའི་བུ་ཆུང་ལྷའུ་དར་པོ་ཁྱོད།། འདས་ལོག་སྣང་སྲས་ང་ལ་མ་ཆགས་ཤིག།

ང་ལས་ལྷག་པའི་དཔོན་པོ་ཡབ་སྲས་ཡོད།། ཨ་མ་མི་རྟག་འཆི་བ་འབྱུང་ཉེན་ཡོད།།

 
༤༣༽ སྤང་ལ་དཀར་པོའི་ལྷ་ཁང་།

སྤང་ལ་དཀར་པོའི་ལྷ་ཁང་།། མེ་ཏོག་པདྨ་དཀར་པོ་ཞེས་པའི།། འོ་ན་རེད།

མེ་ཏོག་པདྨ་དཀར་པོ།། སྟེང་ཕྱོགས་ལྷ་ལ་ཕུལ་སོང་ཞེས་པའི།། འོ་ན་རེད།

ལྷ་ཡི་བརྒྱ་བྱིན་དབང་པོ།། བྲོ་ལ་དགའ་བ་ཡོད་ན་ཞེས་པའི།། འོ་ན་རེད།

བྲོ་ལ་དགའ་བ་ཡོད་ན།། བྲོ་ལ་གཟིགས་པར་འཕེབས་ཤོག་ཞེས་པའི།། འོ་ན་རེད།

སྤང་ལ་སྔོན་པོའི་ལྷ་ཁང་།། མེ་ཏོག་པདྨ་སྔོན་པོ་ཞེས་པའི།། འོ་ན་རེད།

མེ་ཏོག་པདྨ་སྔོན་པོ།། བར་ཕྱོགས་བཙན་ལ་ཕུལ་སོང་ཞེས་པའི།། འོ་ན་རེད།

བཙན་གྱི་ཡབ་མེས་སྤུན་བདུན།། བྲོ་ལ་དགའ་བ་ཡོད་ན་ཞེས་པའི།། འོ་ན་རེད།

བྲོ་ལ་དགའ་བ་ཡོད་ན།། བྲོ་ལ་གཟིགས་པར་འཕེབས་ཤོག་ཞེས་པའི།། འོ་ན་རེད།

སྤང་ལ་སེར་པོའི་ལྷ་ཁང་།། མེ་ཏོག་པདྨ་སེར་པོ་ཞེས་པའི།། འོ་ན་རེད།

མེ་ཏོག་པདྨ་སེར་པོ།། འོག་ཕྱོགས་ཀླུ་ལ་ཕུལ་སོང་ཞེས་པའི།། འོ་ན་རེད།

ཀླུ་རྒྱལ་གཙུག་ན་རིན་ཆེན།། བྲོ་ལ་དགའ་བ་ཡོད་ན་ཞེས་པའི།། འོ་ན་རེད།

བྲོ་ལ་དགའ་བ་ཡོད་ན།། བྲོ་ལ་གཟིགས་པར་འཕེབས་ཤོག་ཞེས་པའི།། འོ་ན་རེད།

 
༤༤༽ ལྷ་ས་པོ་ཏོ་རྩེ་ལས།

ལྷ་ས་པོ་ཏོ་རྩེ་ལས།། རྩྭ་རི་སྨྱུག་མ་འཁྲུངས་ཡོད་ཞེས་པའི་སོ་ཡ།།

རྩྭ་རི་སྨྱུག་མ་མ་རེད།། ང་ཚོ་བླ་མའི་སྐུ་གཟུགས་ཞེས་པའི་སོ་ཡ།།

ལྷ་ས་པོ་ཏོ་རྩེ་ལས།། དཀར་གསལ་ཟླ་བ་ཤར་ཡོད་ཞེས་པའི་སོ་ཡ།།

དཀར་གསལ་ཟླ་བ་མ་རེད།། ང་ཚོ་བླ་མའི་ཞལ་རས་ཞེས་པའི་སོ་ཡ།།

ལྷ་ས་པོ་ཏོ་རྩེ་ལས།། གསེར་གྱི་རྒྱ་གླིང་འཕུར་ཡོད་ཞེས་པའི་སོ་ཡ།།

གསེར་གྱི་རྒྱ་གླིང་མ་རེད།། ང་ཚོ་བླ་མའི་གསུང་སྐད་ཞེས་པའི་སོ་ཡ།།

 
༤༥༽ ཡར་ཡར་རི་གསུམ་འཛོམས་ས།

ཡར་ཡར་རི་གསུམ་འཛོམས་ས།། ཤིང་མོ་རུ་རུ་ཟེརཝ་མས་སྣང་ས་བཞུགས།།

ཤིང་ཆེན་ཆེ་བའི་མཚན་ལ།། ཙད་དན་སྡོང་པོ་ཟེརཝ་མས་སྣང་ས་བཞུགས།།

ཤིང་ཆེན་བར་མའི་མཚན་ལ།། ལྷ་ཤིང་ཤུག་པོ་ཟེརཝ་མས་སྣང་ས་བཞུགས།།

ཤིང་ཆེན་ཆུང་མའི་མཚན་ལ།། སྤོས་དཀར་བསངས་ཤིང་ཟེརཝ་མས་སྣང་ས་བཞུགས།།

ཤིང་གསུམ་འཛོམས་པའི་རྩེ་ལས།། བསངས་ཤིང་བཅག་ཤོག་ཟེརཝ་མས་སྣང་ས་བཞུགས།།

ཕར་ཕར་གཡུས་ཀྱི་གཞུང་ལ།། མི་དམངས་རུ་རུ་ཟེརཝ་མས་སྣང་ས་བཞུགས།།

མི་ཆེན་ཆེ་བའི་མཚན་ལ།། དབང་ཆེན་དཔོན་པོ་ཟེརཝ་མས་སྣང་ས་བཞུགས།།

མི་ཆེན་བར་མའི་མཚན་ལ།། སྟག་ཤར་གཞོནམ་ར་ཟེརཝ་མས་སྣང་ས་བཞུགས།།

མི་ཆེན་ཆུང་བའི་མཚན་ལ།། སྨན་ཆུང་བུམོ་ར་ཟེརཝ་མས་སྣང་ས་བཞུགས།།

མི་གསུམ་འཛོམས་པའི་སྦུག་ལས།། གླུ་གར་བསྒྱུར་ཤོག་ཟེརཝ་མས་སྣང་ས་བཞུགས།།

 
༤༦༽ དགུང་སྟོད་དགུང་སྨད་བསྐོར་ནས།

དགུང་སྟོད་དགུང་སྨད་བསྐོར་ནས།། ལོ་དང་ཟླ་བ་སོང་ཡོད།།

ཁྲི་གདུགས་ཉི་མའི་ཞལ་རས།། ད་རེས་མ་གཏོགས་མ་མཇལ།།

ད་རེས་མཇལ་བའི་ཁྲི་གདུགས།། གླིང་བཞི་བསྐོར་བ་མི་གཏང་།།

སྭ་ཡ། སང་ཕོད་མཇལ་བའི་སྨོན་ལམ་ལན་གསུམ་བཏབ་གེ།

གངས་སྟོད་དགུང་སྨད་བསྐོར་ནས།། ལོ་དང་ཟླ་བ་སོང་ཡོད།།

དར་སེང་དཀར་མོའི་ཞལ་རས།། ད་རེས་མ་གཏོགས་མ་མཇལ།།

ད་རེས་མཇལ་བའི་དར་སེང་།། གངས་སྟོད་བསྐོར་བ་མི་གཏང་།།

སྭ་ཡ། སང་ཕོད་མཇལ་བའི་སྨོན་ལམ་ལན་གསུམ་བཏབ་གེ།

སྤང་སྟོད་སྤང་སྨད་བསྐོར་ནས།། ལོ་དང་ཟླ་བ་སོང་ཡོད།།

ཤཝ་རྒྱས་རྭ་བཅུའི་ཞལ་རས།། ད་རེས་མ་གཏོགས་མ་མཇལ།།

ད་རེས་མཇལ་བའི་ཤཝ་རྒྱས།། སྤང་སྟོད་བསྐོར་བ་མི་གཏང་།།

སྭ་ཡ། སང་ཕོད་མཇལ་བའི་སྨོན་ལམ་ལན་གསུམ་བཏབ་གེ།

མཚོ་སྟོད་མཚོ་སྨད་བསྐོར་ནས།། ལོ་དང་ཟླ་བ་སོང་ཡོད།།

གསེར་མིག་ཉ་མོའི་ཞལ་རས།། ད་རེས་མ་གཏོགས་མ་མཇལ།།

ད་རེས་མཇལ་བའི་ཉ་མོ།། མཚོ་སྟོད་བསྐོར་བ་མི་གཏང་།།

སྭ་ཡ། སང་ཕོད་མཇལ་བའི་སྨོན་ལམ་ལན་གསུམ་བཏབ་གེ།

རྫོང་སྟོད་རྫོང་སྨད་བསྐོར་ནས།། ལོ་དང་ཟླ་བ་སོང་ཡོད།།

དབང་ཆེན་དཔོན་པོའི་ཞལ་རས།། ད་རེས་མ་གཏོགས་མ་མཇལ།།

ད་རེས་མཇལ་བའི་དབང་ཆེན།། རྫོང་སྟོད་བསྐོར་བ་མི་གཏང་།།

སྭ་ཡ། སང་ཕོད་མཇལ་བའི་སྨོན་ལམ་ལན་གསུམ་བཏབ་གེ།

ནགས་སྟོད་ནགས་སྨད་བསྐོར་ནས།། ལོ་དང་ཟླ་བ་སོང་ཡོད།།

སྟག་མོ་རིས་མཛེས་ཞལ་རས།། ད་རེས་མ་གཏོགས་མ་མཇལ།།

ད་རེས་མཇལ་བའི་སྟག་མོ།། ནགས་སྟོད་བསྐོར་བ་མི་གཏང་།།

སྭ་ཡ། སང་ཕོད་མཇལ་བའི་སྨོན་ལམ་ལན་གསུམ་བཏབ་གེ།

 
༤༧༽ བཞུགས་གྲལ་བཞེས་པ་དགའཝ།

བཞུགས་གྲལ་བཞེས་པ་དགའཝ།། སྟེང་ཕྱོགས་ལྷ་ལུ་ཡོད།།

ལྷ་ཡི་དབང་པོ་བརྒྱ་བྱིན།། བཞུགས་གྲལ་བཞེས་པར་བྱོན་ཤོག།

བཞུགས་གྲལ་བཞེས་པ་དགའཝ།། བར་ཕྱོགས་བཙན་ལུ་ཡོད།།

བཙན་གྱི་ཡབ་མེས་སྤུན་བདུན།། བཞུགས་གྲལ་བཞེས་པར་བྱོན་ཤོག།

བཞུགས་གྲལ་བཞེས་པ་དགའཝ།། འོག་ཕྱོགས་ཀླུ་ལུ་ཡོད།།

ཀླུ་རྒྱལ་གཙུག་ན་རིན་ཆེན།། བཞུགས་གྲལ་བཞེས་པར་བྱོན་ཤོག།

 
༤༨༽ མེ་ཏོག་པདྨ་མི་ཤར།

མེ་ཏོག་པདྨ་མི་ཤར། མེ་ཏོག་པདྨ་ཅིག་ཤར་ཡོད།། 

ཤར་ཕྱོགས་རྒྱལ་པོའི་ལྡུམ་ར།། མེ་ཏོག་པདྨ་གིས་གང་སོང་།།

མེ་ཏོག་ཆེ་བ་རྣམས་ནི།། སྟེང་ཕྱོགས་ལྷ་ལུ་ཕུལ་ཡོད།།

མེ་ཏོག་བར་མ་རྣམས་ནི།། བར་ཕྱོགས་བཙན་ལུ་ཕུལ་ཡོད།།

མེ་ཏོག་ཆུང་བ་རྣམས་ནི།། འོག་ཕྱོགས་ཀླུ་ལུ་ཕུལ་ཡོད།།

ཆེ་ཆུང་མཉམ་པའི་མེ་ཏོག། མཆོད་བཤམས་ཁྲ་མོར་ཕུལ་ཡོད།། ༼ལྷོ་ཕྱོགས་་་་་ནུབ་ཕྱོགས་་་་བྱང་ཕྱོགས་་༽

 
༤༩༽ ཇ་བར་ལྡིང་ས་ཡ།

ཇ་བར་ལྡིང་ས་༢ཡ།། ཇ་བར་ཤར་ཕྱོགས་རྒྱལ་ལུ་ལྡིང་ས་ཡ།།

འབའ་མགོ་ལྡིང་ས་༢ཡ།། འབའ་མགོ་ཉི་མའི་འོད་ཟེར་ལྡིང་ས་ཡ།།

འབའ་མཇུག་ལྡིང་ས་༢ཡ།། འབའ་མཇུག་དཀར་གསལ་ཁྲ་མོ་ལྡིང་ས་ཡ།།

གཞུ་མོ་ལྡིང་ས་༢ཡ།། གཞུ་མོ་དབྱངས་མའི་དཔེ་གཞུ་ལྡིང་ས་ཡ།།

གཞུ་ཐག་ལྡིང་ས་༢ཡ།། གཞུ་ཐག་ཚེར་མའི་དཔུང་སྐུད་ལྡིང་ས་ཡ།།

མདའ་མོ་ལྡིང་ས་༢ཡ།། མདའ་མོ་སེར་མིག་ཕྱག་མདའ་ལྡིང་ས་ཡ།།

སྒྲོ་མོ་ལྡིང་ས་༢ཡ།། སྒྲོ་མོ་བྱེ་དང་ཟུར་སྒྲོ་ལྡིང་ས་ཡ།།

མདའ་ལྕགས་ལྡིང་ས་༢ཡ།། མདའ་ལྕགས་གསེར་གྱི་ཕུར་ཅུང་ལྡིང་ས་ཡ།

ཚོ་མ་ལྡིང་ས་༢ཡ།། ཚོ་མ་རྒྱལ་ས་རྒྱལ་པོ་ལྡིང་ས་ཡ།།

སྨན་ཆུང་ལྡིང་ས་༢ཡ།། སྨན་ཆུང་ཤེལ་ཅང་སྒྲོལ་མ་ལྡིང་ས་ཡ།།

མདའ་འཆམ་ལྡིང་ས་༢ཡ།། མདའ་འཆམ་སེར་ཤོ་སྤང་ལུ་ལྡིང་ས་ཡ།།

  
༥༠༽ བསྟན་སྐྱོང་གླིང་གི་ལྕང་གླིང་གྲུ་བཞི་ནང་།

བསྟན་སྐྱོང་གླིང་གི་ལྕང་གླིང་གྲུ་བཞི་ནང་། འོད་ཟེར་སྒྲོལ་མ་ཧ་ལོའི་མེ་ཏོག་འདྲ།།

ཁ་མདོག་མཚར་བ་རང་ཡུལ་ཕྱོགས་སུ་བཞག། རང་ཡུལ་བཞག་ནས་མི་ཡུལ་དྲན་གྱི་གསུངས།།

མི་ཡུལ་དྲན་པ་ཚེ་སྔོན་ལས་ཀྱིས་བསྐོས།། འོད་ཟེར་སྒྲོལ་མ་ཐུགས་སེམས་མ་སྐྱོ་ཞིག།

ཕོ་སྒྲོ་གནམ་མཁའི་ཡས་ལ་ལྡིང་སེ་ལྡིང་།། མོ་སྒྲོ་ང་ལ་རླུང་གི་གཤོག་སྒྲོ་ཡོད།།

ཕོ་སྒྲོ་ས་གཞི་མས་ལ་འཁྱམས་སེ་འཁྱམས།། མོ་སྒྲོ་ང་ལ་ལྕགས་ཀྱི་སྡེར་མོ་ཡོད།།

བྲོ་གར་ཤེས་རིག་གྲུ་བཞི་ནང་ཤེད་ནང་།། མོ་སྒྲོ་ང་ལ་གླུ་ཡི་བང་མཛོད་ཡོད།།

 
༥༡༽ འགྲོ་ཟེར་ན་རྟ་པོ་ང་ལ་མེད།

འགྲོ་ཟེར་ན་རྟ་པོ་ང་ལ་མེད།། རྐང་ལྷམ་ཅུང་འབྱུང་ན་རྟ་པོ་རེད།།

སྡོད་ཟེར་ན་གནས་པོ་ང་ལ་མེད།། ཆུ་མེ་ཤིང་འབྱུང་ན་གནས་པོ་རེད།།

བག་ལི་ཐང་གཞུང་ནས་རྟ་གཅིག་ཉོ།། རྟ་གསེར་སྒ་མ་རྐྱབ་ལོ་གསུམ་སོང་།།

དུས་ད་ལོ་གསེར་སྒ་མ་རྐྱབ་ན།། རྟ་སྒྲོལ་མ་སྤུ་ཁ་འགྱུར་ས་རེད།།

འགྲོ་བསམ་པའི་རི་ལ་ཁ་བ་བབས།། ངེ་སྨིན་དྲུག་རི་ལ་ཉི་མ་ཤར།།

ཆུ་ཆེན་པོ་གཅིག་ལ་ཆུ་རབ་གཉིས།། རྐང་ལྷམ་ཅུང་ཕུད་ས་ག་ན་རེད།།

ལ་ཆེན་པོ་གཅིག་ལ་ལ་རྩེ་གཉིས།། མགོ་ཞྭ་མོ་ཕུད་ས་ག་ན་རེད།།

 
༥༢༽ ཨོ་ལོས་བྱང་རྩེ་གཞུང་ལ།

ཨོ་ལོས་བྱང་རྩེ་གཞུང་ལ།། ལྟད་མོ་བལྟ་ལ་ཕྱིན་སོང་།།

མཚན་ལྡན་བླ་མ་གཅིག་གིས།། ཡར་ལས་ཡར་ཤོག་གསུངས་དོ།།

ཡར་ལ་བཅར་བའི་དུས་སུ།། ཐུགས་དམ་མ་དཀྲོགས་གསུངས་དོ།།

བཀའ་བཞིན་བསྒྲུབས་ནས།། ཐུགས་དམ་དཀྲོགས་ཡང་མི་དཀྲོགས།།

ཨོ་ལོས་བྱང་རྩེ་གཞུང་ལ།། ལྟད་མོ་བལྟ་ལ་ཕྱིན་སོང་།།

དབང་ཆེན་དཔོན་པོ་གཅིག་གིས།། ཕར་ལས་ཕར་ཤོག་གསུངས་དོ།།

ཕར་ལ་བཅར་བའི་དུས་སུ།། གྱི་རིང་མ་དཀྲོགས་གསུངས་དོ།།

བཀའ་བཞིན་བསྒྲུབས་ནས།། གྱི་རིང་དཀྲོགས་ཡང་མི་དཀྲོགས།།

ཨོ་ལོས་བྱང་རྩེ་གཞུང་ལ།། ལྟད་མོ་བལྟ་ལ་ཕྱིན་སོང་།།

སྟག་ཤར་གཞོན་པ་གཅིག་གིས།། མར་ལས་མར་ཤོག་གསུངས་དོ།།

མར་ལ་བཅར་བའི་དུས་སུ།། དམ་ཚིག་མ་འཁྲུལ་གསུངས་དོ།།

བཀའ་བཞིན་བསྒྲུབས་ནས།། དམ་ཚིག་འཁྲུལ་ཡང་མི་འཁྲུལ།།

 
༥༣༽ ལྷ་བྱ་ཡོང་ཡོང་གང་ནས་ཡོང་།

ལྷ་བྱ་ཡོང་ཡོང་གང་ནས་ཡོང་།། ལྷ་བྱ་སྟེང་ཕྱོགས་ལྷ་ལས་ཡོང་།།

ལྷ་བརྒྱ་བྱིན་དབང་པོ་མ་མཇལ་བར།། ལྷ་བྱ་རང་ཡུལ་ཕྱོགས་སུ་ལོག་མི་འགྲོ།།

རྨ་བྱ་ཡོང་ཡོང་གང་ནས་ཡོང་།། རྨ་བྱ་རྒྱ་གར་ཤར་ལས་ཡོང་།།

རྒྱ་པཱ་ཙཱ་རཱ་ཛཱ་མ་མཇལ་བར།། རྨ་བྱ་རང་ཡུལ་ཕྱོགས་སུ་ལོག་མི་འགྲོ།།

ཁྲུང་ཁྲུང་ཡོང་ཡོང་གང་ནས་ཡོང་།། ཁྲུང་ཁྲུང་བོད་ཁམས་ཡུལ་ལས་ཡོང་།།

བོད་སྤྲུལ་པའི་ཆོས་རྒྱལ་མ་མཇལ་བར།། ཁྲུང་ཁྲུང་རང་ཡུལ་ཕྱོགས་སུ་ལོག་མི་འགྲོ།།

ཁུ་བྱུག་ཡོང་ཡོང་གང་ནས་ཡོང་།། ཁུ་བྱུག་ལྷོ་མོན་ལྗོངས་ལས་ཡོང་།།

ལྷོ་ངག་དབང་རྣམ་རྒྱལ་མ་མཇལ་བར།། ཁུ་བྱུག་རང་ཡུལ་ཕྱོགས་སུ་ལོག་མི་འགྲོ།།

 
 
༥༤༽ ཆུ་མོ་ཤར་ཤར་མ་འགྲོ།

ཆུ་མོ་ཤར་ཤར་མ་འགྲོ།། གཡས་རི་གཙང་ཆུ་འདྲ་དོ།།

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ།། ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས།།

གཡས་སུ་གཡས་ལ་བཞུགས་མི།། ལྷ་ལྕམ་མཎྡ་ར་བ།།

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ།། ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས།།

གཡོན་དུ་གཡོན་ལ་བཞུགས་མི།། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།།

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ།། ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས།།

དབུས་སུ་དབུས་ལ་བཞུགས་མི།། སློབ་དཔོན་ཨྱོན་གུ་རུ།།

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ།། ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས།།

 
༥༥༽ རྡོ་རྗེ་བྲག་ལ་གང་ཡང་མིན་འདུག་མ་གསུངས།

རྡོ་རྗེ་བྲག་ལ་གང་ཡང་མིན་འདུག་མ་གསུངས།། རྡོ་རྗེ་བྲག་ལ་གསེར་གྱི་མཆོད་རྟེན་བཞེངས་ཡོད།།

རྩེ་མོ་ཡས་ལ་དར་ལྕོགས་འཕྱར་ས་ཡོ་རེད།། གཞོན་པ་ང་ཚོ་རླུང་དར་འཕྱར་ས་ཡོ་རེད།།

རྐེད་པ་ཕས་མཎྜལ་ཕུལ་ས་ཡོ་རེད།། ཨ་རོགས་ཁམས་པ་མཎྜལ་ཕུལ་ས་ཡོ་རེད།།

རྩ་བ་མས་ལ་བསྐོར་ར་རྐྱབ་ས་ཡོ་རེད།། ཕ་མ་རྒན་རྒན་བསྐོར་ར་རྐྱབ་ས་ཡོ་རེད།།

རྡོ་རྗེ་བྲག་ལ་གང་ཡང་མིན་འདུག་མ་གསུངས།། རྡོ་རྗེ་བྲག་ལ་དངུལ་གྱི་མཆོད་རྟེན་བཞེངས་ཡོད།།

རྩེ་མོ་ཡས་ལ་དར་ལྕོགས་འཕྱར་ས་ཡོ་རེད།། གཞོན་པ་ང་ཚོ་རླུང་དར་འཕྱར་ས་ཡོ་རེད།།

རྐེད་པ་ཕས་ལ་མཎྜལ་ཕུལ་ས་ཡོ་རེད།། ཨ་རོགས་ཁམས་པ་མཎྜལ་ཕུལ་ས་ཡོ་རེད།།

རྩ་བ་མས་ལ་བསྐོར་ར་རྐྱབ་ས་ཡོ་རེད།། ཕ་མ་རྒན་རྒན་བསྐོར་ར་རྐྱབ་ས་ཡོ་རེད།།

 
༥༦༽ དགོན་བཟང་གི་ཕྱོགས་ལ་བཞུགས་པའི་སྭ་ཡ།

དགོན་བཟང་གི་ཕྱོགས་ལ་བཞུགས་པའི་སྭ་ཡ།། མཚན་ལྡན་བླ་མ་གཅིག་གིས་ཡར་ལས་ཡར་ཤོག་གསུངས་དོ་སྭ་ཡ།།

ཤོག་གསུངས་པ་བཀྲིན་ཆེ་བས་སྭ་ཡ།། མཚན་ལྡན་ཁྱོད་དང་འདྲ་བའི་བྱིན་རླབས་ང་ལ་ཞུ་གེ་སྭ་ཡ།།

རྫོང་ཆེན་གྱི་ཕྱོགས་ལ་བཞུགས་པའི་སྭ་ཡ།། དབང་ཆེན་དཔོན་པོ་གཅིག་གིས་ཕར་ལས་ཕར་ཤོག་གསུངས་དོ་སྭ་ཡ།།

ཤོག་གསུངས་པ་བཀྲིན་ཆེ་བས་སྭ་ཡ།། དབང་ཆེན་ཁྱོད་དང་འདྲ་བའི་དབང་ཚད་ང་ལ་ཞུ་གེ་སྭ་ཡ།།

གཡུས་བཟང་གི་ཕྱོགས་ལ་བཞུགས་པའི་སྭ་ཡ།། ཡབ་ཆེན་ཨ་པ་གཅིག་གིས་མར་ལས་མར་ཤོག་གསུངས་དོ་སྭ་ཡ།།

ཤོག་གསུངས་པ་བཀྲིན་ཆེ་བས་སྭ་ཡ།། ཡབ་ཆེན་ཁྱོད་དང་འདྲ་བའི་ཟས་ནོར་ང་ལ་ཞུ་གེ་སྭ་ཡ།།

༥༧༽ སྐལ་བཟང་གསེར་ཁྲིའི་སྟེང་ལ།

སྐལ་བཟང་གསེར་ཁྲིའི་སྟེང་ལ།། དྲིན་ཅན་རྩ་བའི་བླ་མ།།

སྐལ་པ་བཟང་སོང་ལ། ངའི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།

ནོར་བུ་བཟང་སོང་ལ། ངའི་ནོར་བུ་ཨོ་ལོའི་གླུ་ལ་གསོན་དང་།

ཡར་ཡར་རི་གསུམ་འཛོམས་ས།། ཤིང་སྣ་འཛོམས་པ་རུ་རུ།།

སྐལ་པ་བཟང་སོང་ལ། ངའི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།

ནོར་བུ་བཟང་སོང་ལ། ངའི་ནོར་བུ་ཨོ་ལོའི་གླུ་ལ་གསོན་དང་།

ཤིང་ཆེན་ཆེ་བའི་མཚན་ལ།། ཙན་དན་སྡོང་པོ་ཟེརཝ་མས།།

སྐལ་པ་བཟང་སོང་ལ། ངའི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།

ནོར་བུ་བཟང་སོང་ལ། ངའི་ནོར་བུ་ཨོ་ལོའི་གླུ་ལ་གསོན་དང་།

ཤིང་ཆེན་བར་མའི་མཚན་ལ།། ལྷ་ཤིང་ཤུགཔ་ར་ཟེརཝ་མས།།

སྐལ་པ་བཟང་སོང་ལ། ངའི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།

ནོར་བུ་བཟང་སོང་ལ། ངའི་ནོར་བུ་ཨོ་ལོའི་གླུ་ལ་གསོན་དང་།

ཤིང་ཆེན་ཆུང་བའི་མཚན་ལ།། བ་ལུ་སུ་ལུ་ཟེརཝ་མས།།

སྐལ་པ་བཟང་སོང་ལ། ངའི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།

ནོར་བུ་བཟང་སོང་ལ། ངའི་ནོར་བུ་ཨོ་ལོའི་གླུ་ལ་གསོན་དང་།

ཤིང་གསུམ་འཛོམས་པའི་རྩེ་ལས།། བསང་ཤིང་བཅག་ཤོག་ཟེརཝ་མས།།

སྐལ་པ་བཟང་སོང་ལ། ངའི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།

ནོར་བུ་བཟང་སོང་ལ། ངའི་ནོར་བུ་ཨོ་ལོའི་གླུ་ལ་གསོན་དང་།

 

དགུང་ས་གི་མཐོན་པོ།། གཡས་ལས་ཆོས་གནང་།།

ཁྲི་གདུགས་ཀྱི་ཉི་མ།། གཡོན་ལས་ཆོས་ཞུ།།

ཕོ་ཡི་རྒྱལ་ས་རྒྱལ་པོ།། འབྲུ་ལ་གཅིག་ཆགས།།

མོ་ཡི་ཤེལ་ལྕམ་སྒྲོལ་མ།། འབྲུ་ལ་གཉིས་ཆགས།།

གངས་སྟོད་ཀྱི་མཐོན་པོ།། གཡས་ལས་ཆོས་གནང་།།

སེང་ཆེན་གྱི་དཀར་མོ།། གཡོན་ལས་ཆོས་ཞུ།།

ཕོ་ཡི་རྒྱལ་ས་རྒྱལ་པོ།། འབྲུ་ལ་གཅིག་ཆགས།།

མོ་ཡི་ཤེལ་ལྕམ་སྒྲོལ་མ།། འབྲུ་ལ་གཉིས་ཆགས།།

སྤང་གཤོང་གི་ལྡེ་མོ།། གཡས་ལས་ཆོས་གནང་།།

ཤཝ་རྒྱས་ཀྱི་རྭ་ཅུང་།། གཡོན་ལས་ཆོས་ཞུ།།

ཕོ་ཡི་རྒྱལ་ས་རྒྱལ་པོ།། འབྲུ་ལ་གཅིག་ཆགས།།

མོ་ཡི་ཤེལ་ལྕམ་སྒྲོལ་མ།། འབྲུ་ལ་གཉིས་ཆགས།།

མཚོ་སྟོད་ཀྱི་མཐོན་པོ།། གཡས་ལས་ཆོས་གནང་།།

གསེར་མིག་གི་ཉ་མོ།། གཡོན་ལས་ཆོས་ཞུ།།

ཕོ་ཡི་རྒྱལ་ས་རྒྱལ་པོ།། འབྲུ་ལ་གཅིག་ཆགས།།

མོ་ཡི་ཤེལ་ལྕམ་སྒྲོལ་མ།། འབྲུ་ལ་གཉིས་ཆགས།།

གཡུས་བཟང་གི་ཁྲ་མོ།། གཡས་ལས་ཆོས་གནང་།།

དྲིན་ཆེན་གྱི་ཡབ་ཡུམ།། གཡོན་ལས་ཆོས་ཞུ།།

ཕོ་ཡི་རྒྱལ་ས་རྒྱལ་པོ།། འབྲུ་ལ་གཅིག་ཆགས།།

མོ་ཡི་ཤེལ་ལྕམ་སྒྲོལ་མ།། འབྲུ་ལ་གཉིས་ཆགས།།

 
༦༧༽ ས་ལ་ཆགས་པ་ལྡིང་ཤོག

ས་ལ་ཆགས་པ་ལྡིང་ཤོག། ཤར་ལས་ཁྲི་གདུགས་ཉི་མ།། ཤར་ན་རང་ཡང་དགའ་སོང་།།

ལོག་འགྲོ་ལོག་འགྲོ་ཟེར་ན་ཕ་ཡུལ་ཕྱོགས་ལ་ལོག་འགྲོ།།

ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་།། མ་ལྷོད་སེམས་པ་འཁྲུལ་སོང་།།

ས་ལ་ཆགས་པ་ལྡིང་ཤོག། དགོན་ལས་མཚན་ལྡན་བླ་མ།། བཞུགས་ན་རང་ཡང་དགའ་སོང་།།

ལོག་འགྲོ་ལོག་འགྲོ་ཟེར་ན་ཕ་ཡུལ་ཕྱོགས་ལ་ལོག་འགྲོ།།

ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་།། མ་ལྷོད་སེམས་པ་འཁྲུལ་སོང་།།

ས་ལ་ཆགས་པ་ལྡིང་ཤོག། རྫོང་ལས་དབང་ཆེན་དཔོན་པོ།། བཞུགས་ན་རང་ཡང་དགའ་སོང་།།

ལོག་འགྲོ་ལོག་འགྲོ་ཟེར་ན་ཕ་ཡུལ་ཕྱོགས་ལ་ལོག་འགྲོ།།

ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་།། མ་ལྷོད་སེམས་པ་འཁྲུལ་སོང་།།

ས་ལ་ཆགས་པ་ལྡིང་ཤོག། ལྡུམ་རའི་སེར་ཤོས་མེ་ཏོག། ཤར་ན་རང་ཡང་དགའ་སོང་།།

ལོག་འགྲོ་ལོག་འགྲོ་ཟེར་ན་ཕ་ཡུལ་ཕྱོགས་ལ་ལོག་འགྲོ།།

ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་།། མ་ལྷོད་སེམས་པ་འཁྲུལ་སོང་།།

 
༦༨༽ དགུང་ས་གསེར་ལས་དཀར་ཅུང་།

དགུང་ས་གསེར་ལས་དཀར་ཅུང་།། ཕྱི་ཡི་ལྕགས་རི་འདྲ་དོ།།

ཁྲི་གདུགས་གཡུ་ཆུང་འབྲུ་དཀར།། ནང་གི་ནོར་བུ་འདྲ་དོ།།

འདྲ་ཡང་ནོར་བུ་འདྲ་དོ།། ཨིན་ཡང་ནོར་བུ་ཨིན་ནོ།།

གངས་སྟོད་གསེར་ལས་དཀར་ཅུང་།། ཕྱི་ཡི་ལྕགས་རི་འདྲ་དོ།།

གངས་སེང་གཡུ་ཆུང་འབྲུ་དཀར།། ནང་གི་ནོར་བུ་འདྲ་དོ།།

འདྲ་ཡང་ནོར་བུ་འདྲ་དོ།། ཨིན་ཡང་ནོར་བུ་ཨིན་ནོ།།

སྤང་གཤོང་གསེར་ལས་དཀར་ཅུང་།། ཕྱི་ཡི་ལྕགས་རི་འདྲ་དོ།།

ཤཝ་རྒྱས་གཡུ་ཆུང་འབྲུ་དཀར།། ནང་གི་ནོར་བུ་འདྲ་དོ།།

འདྲ་ཡང་ནོར་བུ་འདྲ་དོ།། ཨིན་ཡང་ནོར་བུ་ཨིན་ནོ།།

མཚོ་སྟོད་གསེར་ལས་དཀར་ཅུང་།། ཕྱི་ཡི་ལྕགས་རི་འདྲ་དོ།།

གསེར་ཉ་གཡུ་ཆུང་འབྲུ་དཀར།། ནང་གི་ནོར་བུ་འདྲ་དོ།།

འདྲ་ཡང་ནོར་བུ་འདྲ་དོ།། ཨིན་ཡང་ནོར་བུ་ཨིན་ནོ།།

གཡུས་བཟང་གསེར་ལས་དཀར་ཅུང་།། ཕྱི་ཡི་ལྕགས་རི་འདྲ་དོ།།

ཡབ་ཡུམ་གཡུ་ཆུང་འབྲུ་དཀར།། ནང་གི་ནོར་བུ་འདྲ་དོ།།

འདྲ་ཡང་ནོར་བུ་འདྲ་དོ།། ཨིན་ཡང་ནོར་བུ་ཨིན་ནོ།།

 
༦༩༽ ཨ་དར་ལེགས་ཨེ།

ཨ་དར་ལེགས་ཨེ། ལྷ་ས་སྤོ་ཏོ་རྩེ་ལས། རྩྭ་རི་སྨྱུག་མ་འཁྲུངས་ཡོད། སྭ་ཡ།

ཨ་དར་ལེགས་ཨེ། རྩྭ་རི་སྨྱུག་མ་མ་རེད། གསུང་སྒྲོལ་མ་ལ། ང་ཚོ་བླ་མའི་སྐུ་གཟུགས་དྲན་བྱུང་།

ཨ་དར་ལེགས་ཨེ། ལྷ་ས་སྤོ་ཏོ་རྩེ་ལས། དཀར་གསལ་ཟླ་བ་ཤར་ཡོད། སྭ་ཡ།

ཨ་དར་ལེགས་ཨེ། དཀར་གསལ་ཟླ་བ་མ་རེད། གསུང་སྒྲོལ་མ་ལ། ང་ཚོ་བླ་མའི་ཞལ་རས་དྲན་བྱུང་།

ཨ་དར་ལེགས་ཨེ། ལྷ་ས་སྤོ་ཏོ་རྩེ་ལས། གསེར་གྱི་རྒྱ་གླིང་འཕུ་ཡོད། སྭ་ཡ།

ཨ་དར་ལེགས་ཨེ། གསེར་གྱི་རྒྱ་གླིང་མ་རེད། གསུང་སྒྲོལ་མ་ལ། ང་ཚོ་བླ་མའི་གསུང་སྐད་དྲན་བྱུང་།

 
༧༠༽ རྫོང་ཆེན་ཡུལ་གྱི་ལྷུན་རྩེ།

རྫོང་ཆེན་ཡུལ་གྱི་ལྷུན་རྩེ།། རྩེ་མོ་ཡས་ལ་གཟིགས་དང་།། གསུང་དག་ལ་ཨེ།

རྩེ་མོ་གདུགས་དང་རྒྱལ་མཚན།། གཞན་གྱིས་ཆགས་ས་མིན་འདུག།

ཁུ་བྱུག་སྔོན་མོས་མ་གཏོགས།། གཞན་གྱིས་ཆགས་ས་མིན་འདུག།

རྫོང་ཆེན་ཡུལ་གྱི་ལྷུན་རྩེ།། སྐེད་པ་ཕས་ལ་གཟིགས་དང་།།

སྐེད་པ་གཟིམ་ཅུང་ཁྲ་མོ།། གཞན་གྱིས་བཞུགས་ས་མིན་འདུག།

དབང་ཆེན་དཔོན་པོ་མ་གཏོགས།། གཞན་གྱིས་བཞུགས་ས་མིན་འདུག།

རྫོང་ཆེན་ཡུལ་གྱི་ལྷུན་རྩེ།། རྩ་བ་མས་ལ་གཟིགས་དང་།།

རྩ་བ་རྟ་རེས་གྲུ་བཞི།། གཞན་རྣམས་བཏགས་ས་མིན་འདུག།

རྟ་པོ་རྟིང་དཀར་མ་གཏོགས།། གཞན་རྣམས་བཏགས་ས་མིན་འདུག།

 
༧༡༽ གུར་གཅིག་དཀར་པོ་མི་སྤུབས།

གུར་གཅིག་དཀར་པོ་མི་སྤུབས།། གུར་གཅིག་དཀར་པོ་སྤུབས་ན།། གངས་སུ་གངས་ལ་སྤུབས་ཡོད།།

གངས་སུ་གངས་ལ་སྤུབས་ན།། དགུན་སུ་ཁ་བའི་ཁས་ལེན།།

གུར་གཅིག་དཀར་པོ་མི་སྤུབས།། གུར་གཅིག་དཀར་པོ་སྤུབས་ན།། གཤོང་སུ་གཤོང་ལ་སྤུབས་ཡོད།།

གཤོང་སུ་གཤོང་ལ་སྤུབས་ན།། བྱཱར་སུ་ཆར་པའི་ཁས་ལེན།།

གུར་གཅིག་དཀར་པོ་མི་སྤུབས།། གུར་གཅིག་དཀར་པོ་སྤུབས་ན།། ཐང་སུ་ཐང་ལ་སྤུབས་ཡོད།།

གུར་ལ་གུར་ཤིང་མི་བཅད།། གུར་ལ་གུར་ཤིང་བཅད་ན།། རྒྱ་ཡི་ཙན་དན་སྡོང་པོ།།

གུར་ལ་གུར་ཐག་མི་བཏགས།། གུར་ལ་གུར་ཐག་བཏགས་ན།། རྒྱ་ཡི་དར་སྐུད་སྟོང་སྐུད།།

གུར་གྱི་ནང་ལ་བཞུགས་མི།། ཚོང་དཔོན་ནོར་བུ་བཟང་པོ།།

གཡོག་པོ་ཆེ་བ་བཞེངས་ཤོག། ཕྱག་ལ་རལ་གྲི་བསྣམས་ནས།། སྐམ་པའི་ཤིང་ཅིག་འཐུ་དགོ།།

གཡོག་པོ་བར་མ་བཞེངས་ཤོག། ཕྱག་ལ་མེ་ཆག་བསྣམས་ནས།། གསལ་བའི་མེ་ཅིག་འཕུ་དགོ།

གཡོག་པོ་ཆུང་བ་བཞེངས་ཤོག། ཕྱག་ལ་གཱ་ཊ་བསྣམས་ནས།། རློན་པའི་ཆུ་ཅིག་དབོག་དགོ།

ཚོང་དཔོན་བྱོན་སའི་ལམ་ཁར།། ཆོད་རྟེན་དཀར་ཅུང་བཞེངས་ཤོག།

བསྐོར་ར་གཡས་སྐོར་རྐྱབ་ནས།། གཡས་ཀྱི་སྒྲིབ་པ་དག་ཤོག།

བསྐོར་ར་གཡོན་སྐོར་རྐྱབ་ནས།། གཡོན་གྱི་སྒྲིབ་པ་དག་ཤོག།

གཡས་སྐོར་གཡོན་སྐོར་རྐྱབ་ནས།། ལུས་ཀྱི་སྒྲིབ་པ་དག་ོཤོག།

 

 

༨༨༽ ཨ་ལེགས་པས་ལེགས་པས།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

དགུང་མཐོ་བ་ནམ་མཁའི་དཀྱིལ་འཁོར་ན།། འོད་གསལ་བ་ཁྲི་གདུགས་ཉི་མ་བཞུགས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ཡངས་དགུང་ཧིང་མཐོན་པོ་བཀྲིས་པས།། ནོརཔ་ཁྲི་གདུགས་ཉི་མ་གཡང་ཆགས་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

བཀྲིས་དང་གཡང་ཆགས་གཉིས་སྐུ།། ནང་མཆོད་བཤམ་ཁྲ་མོར་ཞུ་དགོ་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

གཡུས་དམའ་བ་ནོར་བུའི་ས་གཞིས་ལས།། མཐོཝ་གཡུས་ཀྱི་རི་བོ་མཆོག་རབ་ཞུ།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ཕྱི་གླིང་བཞི་གླིང་ཕྲན་བཀྲིས་པས།། ལྷོ་འཛམ་བུ་གླིང་དུ་གཡང་ཆགས་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

བཀྲིས་དང་གཡང་ཆགས་གཉིས་སྐུ།། ནང་མཆོད་བཤམ་ཁྲ་མོར་ཞུ་དགོ་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

བྱང་ཆོས་ལྡན་བོད་ཁམས་དག་པའི་ཞིང་།། རྟེན་བཟང་པོ་ཤཀྱཱ་མུ་ཎི་བཞུགས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ཕྱི་བསྐོར་བ་རྒྱབ་པའི་བཀྲིས་པས།། ནང་སྤྲུལ་པའི་ཆོས་རྒྱལ་གཡང་ཆགས་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

བཀྲིས་དང་གཡང་ཆགས་གཉིས་སྐུ།། ནང་མཆོད་བཤམ་ཁྲ་མོར་ཞུ་དགོ་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

གཡུས་བཀྲིས་འབྲུག་ཡུལ་ལྷོ་སྨན་ལྗོངས།། རྟེན་བཟང་པོ་ངག་དབང་རྣམ་རྒྱལ་བཞུགས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ཕྱི་སྐྱབས་རྗེ་མཁན་པོ་བཀྲིས་པས།། ནང་མངའ་བདག་ཆོས་རྒྱལ་གཡང་ཆགས་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

བཀྲིས་དང་གཡང་ཆགས་གཉིས་སྐུ།། ནང་མཆོད་བཤམ་ཁྲ་མོར་ཞུ་དགོ་པས།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ཨོ་ཁ་ནོར་གྱིས་གང་བར་ཤོག། ནོར་རྒུད་ཀ་མེད་པའི་བཀྲིས་པས༼གཡང་ཆགས་པས༽།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

བར་བསྐོར་འབྲུ་གིས་གང་བར་ཤོག། འབྲུ་གང་གཞོབ་མེད་པའི་བཀྲིས་པས་༼གཡང་ཆགས་པས༽།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ཡར་སྟེང་ཐོག་མི་གིས་གང་བར་ཤོག། མི་ན་ཚ་མེད་པའི་བཀྲིས་པས་༼གཡང་ཆགས་པས༽།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

རྩེམོ་ཁྱིམ་ཐོག་དར་གྱིས་གང་བར་ཤོག། དར་གཡོ་འགུལ་མེད་པའི་བཀྲིས་པས་༼གཡང་ཆགས་པས༽།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ལོ་དུས་ཅིག་འཛོམས་པ་དགའ་སྤྲོ་ཡོད།། ལོ་སང་ཕོད་མཇལ་བའི་སྨོན་ལམ་ཞུ།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

ལུས་ན་ཚ་མེད་པ་སེམས་སྡུག་མེད།། ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

ཨ་ལེགས་པས་ལེགས་པས་ལེགས་པས་ས།། ཨ་ལེགས་པས་ཕྱོགས་ལས་ཞུ་ཆེ་གེ།

 
༨༩༽ ཁང་ཁྱིམ་ཁྲ་མོའི་བཀྲིས་རྒྱས་པ།

ཡར་ཁང་ཁྱིམ་ཤེལ་གྱི་ཕོ་བྲང་༼ནང་ཤེད་༽ ནང་།། ལྕགས་རི་ཕྱི་བསྐོར་གཅིག་དང་ནང་བསྐོར་གཉིས།།

ཕྱི་བསྐོར་བ་བུ་བུམོ་ཡོངས་ཀྱིས་བསྐོར།། ནང་བཞུགས་པ་ཡབ་ཡུམ་གཉིས་ཀུ་བཞུགས།།

ཕྱི་བསྐོར་བའི་བུ་བུམོ་དགའ་ཉམས་ཡོད།། ནང་བཞུགས་པའི་ཡབ་ཡུམ་སྐྱིད་ཉམས་ཡོད།།

ཡར་དགུང་ས་ཚེ་ཞུ་གཡང་ཞུ་ནང་།། ངེའི་ཁྲི་གདུགས་ཚེ་ཡི་བུམ་པ་ཞུ།།

ངེའི་བུམ་པའི་ནང་གི་ཕྱྭ་དང་གཡང་།། ནང་ཁང་བཟང་ཁྲ་མོར་ཞུ་ཆེ་གེ།

ཡར་དགོན་བཟང་ཚེ་ཞུ་གཡང་ཞུ་ནང་།། ངེའི་མཚན་ལྡན་ཚེ་ཡི་བུམ་པ་ཞུ།།

ངེའི་བུམ་པའི་ནང་གི་ཕྱྭ་དང་གཡང་།། ནང་ཁང་བཟང་ཁྲ་མོར་ཞུ་ཆེ་གེ།

ཡར་རྫོང་ཆེན་ཚེ་ཞུ་གཡང་ཞུ་ནང་།། ངེའི་དབང་ཆེན་ཚེ་ཡི་བུམ་པ་ཞུ།།

ངེའི་བུམ་པའི་ནང་གི་ཕྱྭ་དང་གཡང་།། ནང་ཁང་བཟང་ཁྲ་མོར་ཞུ་ཆེ་གེ།

ཕར་གཡུས་བཟང་ཚེ་ཞུ་གཡང་ཞུ་ནང་།། ངེའི་ཡབ་ཡུམ་ཚེ་ཡི་བུམ་པ་ཞུ།།

ངེའི་བུམ་པའི་ནང་གི་ཕྱྭ་དང་གཡང་།། ནང་ཁང་བཟང་ཁྲ་མོར་ཞུ་ཆེ་གེ།

སྟོད་རྒྱང་རྒྱང་གནམ་མཁའི་གཟར་མ་ཆད།། འོག་འཁྱིལ་འཁྱིལ་ས་ཡི་མཚོ་མ་སྐམ།།

བར་དཀྱིལ་འཁོར་གནམ་མཁའི་བཀྲ་མ་ཡལ།། ཁྱིམ་ཁང་ཁྱིམ་སྤོས་ཀྱི་དྲི་མ་ཡལ།།

ཆེཝ་དགུང་ལས་མ་ཡལ་བཀྲིས་པས།། ཆུང་ཕང་ལས་མ་གཡོ་གཡང་ཆགས་པས།།

ངེའི་མི་མགོ་གངས་ལུ་གཏད་བཞག་གེ། མི་མགོ་གངས་ལས་མཐོ་བའི་བཀྲིས་ཤོག།

ངེའི་མི་གཟུགས་ནགས་ལུ་གཏད་བཞག་གེ། མི་གཟུགས་ནགས་ལས་ཧྲག་པའི་བཀྲིས་ཤོག།

ངེའི་མི་མཇུག་ཆུ་ལུ་གཏད་བཞག་གེ། མི་མཇུག་ཆུ་ལས་རིང་བའི་བཀྲིས་ཤོག།

ངེའི་མི་སྲོག་ལྕགས་ལུ་གཏད་བཞག་གེ། མི་སྲོག་ལྕགས་ལས་སྲ་བའི་བཀྲིས་ཤོག།

འོག་ཨོ་ཁ་ནོར་གྱིས་གང་བར་ཤོག་ཅིག། ནོར་ལ་རྒུད་ཀ་མེད་པའི་བཀྲིས་ཤོག།

བར་བསྐོར་འབྲུ་གི་གང་བར་ཤོག་ཅིག། འབྲུ་ལ་གང་གཞོབ་མེད་པའི་བཀྲིས་ཤོག།

སྟེང་ཐོག་མི་གིས་གང་བར་ཤོག་ཅིག། མི་ལ་ན་ཚ་མེད་པའི་བཀྲིས་ཤོག།

ཁྱིམ་ཐོག་དར་གྱིས་གང་བར་ཤོག་ཅིག། དར་ལ་གཡོ་བསྒུལ་མེད་པའི་བཀྲིས་ཤོག།

ཉིནམ་ཁ་ཙ་ཉིནམ་འབྲུག་ཨིན་པས།། ཉིནམ་ད་རིས་ཉིནམ་དཔལ་ཨིན་པས།།

ཉིནམ་འབྲུག་སྦྱོར་དཔལ་གྱི་ཉིན་མ་ལུ།། དགའཝ་ཕུན་སུམ་ཚོགས་པའི་སྤྲོ་ཉམས་ཡོད།།

ལོ་ན་ཧིང་དགའ་དང་དུས་ཅི་སྐྱིད།། ལོ་སང་ཕོད་མངའ་ཐང་དགུང་ལས་ཡངས།།

ཞལ་ཧ་ཡང་མཇལ་ཀྱང་དོ་རུང་མཇལ།། ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།



^^མགུ་ལུ་འགྱོ།^^

22 responses

  1. ཞབས་ཁྲ་ག་གིས་བྲིས་བྲིསཝ་ཨིན་ན་ལེགས་ཤོམ་འདུག

  2. hello i would be grateful if u could add more zhungdra and boedras tp ur blog la…

  3. བསྡུ་བསྒྲུབས་འབད་མི་་འདི་ལུ་ལེགས་སོ་ཡོད།

  4. Great job jrabgay. keep it up. it will help us learn more about our historic songs and will ultimately propmote our tradition. Moreover, like our friends request. I would be grateful if you could add more la. With best regards..,

  5. ལེགས་སོ་ཞུ་གེ་ལགས།

  6. འདི་དང་འདྲཝ་སྦེ་ བསྡུ་སྒྲིག་པ་མཆོག་གིས་ འབོད་སྒྲ་རེ་རེའི་འབྱུང་ཁུངས་དང་གནམ་ལོ་བཅས་ལེགས་ཤོམ་སྦེ་ཞིབ་འཚོལ་འབད་དེ་་ཡོངས་འབྲེལ་ནང་བྱིན་ཚུགས་པཅིན་ལེ་ཤ་གིས་པན་ཐོགས་ཚུགས་པར་མ་ཚད་ རང་བཙན་རྒྱལ་ཁབ་ཆུང་ཀུ་ཨིན་རུང་ རང་གི་སྐད་ཡིག་རྫོང་ཁ་འདི་གོང་འཕེལ་བཏང་པ་ཅིན་ ལམ་སྲོལ་ག་རའི་སྲོག་ཤིང་སྐད་ཡིག་འདི་ཨིནམ་ལས་ ག་ར་སྲུང་སྐྱོབ་འབད་ཚུགས་དོ་ཡོདཔ་ལས་ ད་རུང་ཧེང་སྐལ་ཡར་རྒྱས་འགྱོ་བའི་རེ་བ་སྦོམ་ཡོད་ཞུ།

  7. ང་བཅས་ར་ ན་གཞོན་ཚུ་གིས་ མནོ་བསམ་བཏང་ཐངས་ བོད་སྒྲ་གཞུང་སྒྲ་ལུ་སྤྲོ་ཡོད་མི་ཚུ་གི་ དོན་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་ཨིནམ་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ནི་ཨིན།

  8. That is good and excellent job. It will help us learn more folk songs. Especially the dzongkha language teachers. Thank you once again and seeing forward for new to come.

  9. འབྲུག་གི་ལམ་སྲོལ། | Reply

    ནཱ་གིས་དུས་ཚོད་བཏོན་ཏེ་ ཞབས་ཁྲའི་ཚིག་བྲིས་མི་འདི་གིས་ ཐུགས་འདོད་འགྲུབ་ཟེར་ཞུ་ནི་ཨིན།

    1. བཀྲིན་ཆེ་ལགས།

  10. Thank you so much for wonderful collection. It is really useful for me especially as a teacher. God bless you.

  11. དེང་སང་གི་བོད་སྒྲ་ དཔེར་ན་ སྐྱབས་རྗེ་དང་གཞན་མཁས་པ་ཚུ་གིས་བརྩམ་ཡོད་མི་ཚུ་ཡང་ བསྡུ་བཞིན་ན་ སྡེབ་སྦྱོར་ཚུ་མ་འཛོལ་བ་བཙུགས་ཏེ་བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ལགས།

  12. ལེགས་སོ། great job

  13. བསམ་བློ་ཆུང་བའི་བསམ་འཆར་མཐུང་ཀུ་གཅིག་ཞུ་གེ་ལགས་
    གླུ་དེབ་གཞོན་པའི་དགའ་སྟོན་ཟེར་མི་དང ནཱ་གི་བསྡུ་སྒྲིག་འབད་མི་འདི་ རྟགས་མི་མཐུན་མས་ཟེར་ཞུ་ནི་ཨིན་ལགས
    དཔེར་ན༔ ནཱ་གིས་གཡུ་ཆུང་བཀྲ་ལ་ཤིས་པའི་ཟེར་མི་འདི་་་་་གླུ་དེབ་གཞོན་པའི་དགའ་སྟོན་ནང་ལུ་འདི་ གཡུ་ཆུང་མེན་པར་ གཡུས་ཆུང་ཟེར་འདུག་ཟེར་ཞུ་ནི་ཨིན།
    དེ་བཟུམ་འབད་ རི་ལ་ཆེན་པོ་རི་གི་རྩ་བ་ནང་ལུ་ ནཱ་གི་འདི་ གསེར་གཅིག་འཁྲུངས་ཟེར་ཨིནམ་མས་ དེ་འབདཝ་ད་ གོང་གི་གླུ་དེབ་ནང་ལུ་ སྲས་གཅིག་འཁྲུངས་ཟེར་འདུག་ལགས་
    དེ་བཞིན་དུ་ དོན་ཚན་ཅོག་འཐད་རུང་ སྡེབ་དང་ཚིག་མ་འདྲཝ་ཡོད་པའི་སྒང་ལས་ བློ་དམན་པ་རང་བཟུམ་་ལུ་ ག་ལུ་དང་ག་ཅི་ལུ་ཆ་བཞགན་ན་མི་ཤེས་པས་ཟེར་ཞུ་ནི་ཨིན་ལགས།
    དེ་འབདཝ་ལས་ངེ་གི་དོགས་པ་འདི་སེལ་གནང་བ་ཅིན་བཀྲིན་ཆེ་ནི་མས་ལགས།

    1. བཀྲིན་ཆེ། མ་པ་ཚིག་གི་གོ་བ་ལེན་པའི་སྐབས་སུ་་་་ གཡུས་ཆུང་འདི་ཕོག་ནི་བཟུམ་ཅིག་འདུག། ཨིན་རུང་ གླུ་དེབ་ལ་ལོ་ཅིག་ནང་ དབུས་ཆུང་ཟེར་ཡང་བྲིས་ཏེ་འདུག། ཚིག་གི་ཐད་ལས་དཔྱད་པ་ཅིན་ གཡུས་ཆུང་ཀུ་ཅིག་གི་ཕུ་ལུ་ མདའ་མོ་གསེར་ལས་བསྒྲུབས་པ་འདི་ཡོད་ཟེར་བའི་བརྡ་སྟོན་དོ་བཟུམ་སྦེ་གོ་མ་གཏོགས་ རིན་ཆེན་གཡུ་དང་ ཕྱོགས་དབུས་ཀྱི་འབྲེལ་བ་མ་མཐོང་ལགས། རི་ལ་ཆེན་པོའི་་་་་སྐབས་སུ་ གསེར་ཅིག་འཁྲུངས་ཟེར་མི་འདི་རང་ཨིན་པས་མེན་ན་ལགས། གླུ་གཞས་ཀྱི་ཚིག་ལས་དཔྱད་པ་ཅིན་ གསེར་ མེ་ཏོག་ བསངས་ཟེར་བའི་སྐབས་་་་མཆོད་པར་འོས་པའི་དངོས་པོའི་རིགས་མ་གཏོགས་ མི་ཕལ་པའི་དོན་མི་སྟོན་དོ་བཟུམ་ཅིག་འདུག་ལགས། མ་གཞི་ཚིག་མང་ཤོས་ཅིག་ནང་ར་ གསེར་ཟེར་རང་མཐོང་ཡི་ལགས། ང་རང་གི་བསམ་འཆར་ཨིན་ལགས། མཐའ་གཅིག་ཏུ་བདེན་ཟེར་ཞུ་ནི་མེད། རིག་པས་དཔྱད་དེ་ཞུཝ་ཨིན་ལགས།

    2. ཧེ་མ་གྱི་གླུ་ཚིག་འདི་ཚུ་དང་ཨ་རྩི་རེད་འདི་མ་འདྲཝ་སྦེ་མཇལ་ཡི་ཟེར་ཞུ་ནི་ལཊ།།

      1. ཐུགས་བདེན་ལགས། སློབ་དཔོན་གྱིས་ མ་འདྲ་བའི་ཚིག་ཚུ་ ག་ཅི་ར་ཨིན་ན་ ཁྱད་པར་ཕྱེ་སྟེ་གནང་ཚུགས་པ་ཅིན་ དགའ་ནི་མས།

      2. རང་སོའི་ལུང་ཕྱོགས་དང་འཁྲིལ་ཏེ་ གླུ་གཞས་ཀྱི་ཚིག་དུམ་གྲ་རེ་མ་འདྲཝ་འཐོན་སྲིད་ལགས།

  14.  Thanking for beautiful collection

  15. Request to post Tashi Labay song of different versions.

    1. Madam, I have already posted two types in blog. You must have seen it. I have my own version of Tashi Lebey associated with my village which is not relevant to you. Tashi Lebey differs from village to village…

Leave a reply to Pema Dorji Cancel reply