Elucidation

ལོ་བསྟར་དུས་བཟང་ཆུང་བ་རྩིས་ཚུལ།



ཚེས་༨ལུ་ སངས་རྒྱས་སྨན་བླའི་དུས་ཆེན།
ཚེས་༡༠ལུ་ གུ་རུའི་དུས་ཆེན།
ཚེས་༡༥ལུ་ སངྱས་སྣང་བ་མཐའ་ཡས་ཀྱི་དུས་ཆེན།
ཚེས་༢༥ལུ་ མཁའ་འགྲོའི་དུས་ཆེན།
གནམ་གང་ལུ་ སངས་རྒྱས་ཀྱི་དུས་ཆེན།


ཁྲུས་བབས་ཀྱི་ཉིནམ།





༉ སྐར་མ་ཁྲུས་སྐར་ཟེར་ རི་རབ་ཕྱེད་ལས་ ཟླཝ་༦ཉི་མ་དང་ཟླཝ་༦ནུབ་མོར་ཤར་དོ་ཡོདཔ་ཨིན།

མུ་ཁྱུད་འཛིན་གྱི་ལྷོ་ཕྱོགས་རྒྱ་མཚོའི་དབུས་སུ་ ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་བསྒྲུབས་ཡོད་པའི་

རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་གཅིག་བཞེངས་ཡོད་མི་ལུ་ དབུའི་གཙུག་ཏོར་ལོ་རེ་

བཞིན་ཟླཝ་༨པའི་ནང་ཚར་རེ་ སངས་རྒྱས་དེའི་དབུའི་གཙུག་ཏོར་གྱི་ཐད་ཁའི་གནམ་ཁ་ལྷོད་དོ་

ཡོདཔ་ཨིན་མས། གཙུག་ཏོར་འདི་བརྒལ་ནིའི་དོན་ལུ་ བདུན་ཕྲག་གཅིག་འགོར་དོ་ཡོདཔ་ཨིན་མས།

དེ་བསྒང་ སེམས་ཅན་ཚུའི་བསོད་ནམས་ལས་གཙུག་ཏོར་ལས་བདུད་རྩི་ཞག་བདུན་འབབ་དོ་ཡོདཔ་ཨིན་མས།
འབྱུང་ས་: རྫོང་ཁོང་ལྷན་ཚོགས།


ཟླཝ་དང་པའི་ལོ་གསར།





ཟླཝ་༡པའི་ལོ་གསར་བརྩི་དགོ་པའི་རྒྱུ་མཚན་ངོ་མ་ར་ ཧོར་གྱི་རྒྱལཔོ་ ཆིང་གེ་སེ་ཁཱན་ ཡང་ན་

ཇིང་གིར་རྒྱལཔོ་གིས་ སྤྱི་ལོ་༡༢༢༧ལུ་ མི་ཉག་གི་ལག་པ་ལས་རྒྱལ་ཁ་ཐོབ་པའི་ཉིནམ་འབད་ནི་དེ་གིས་

ཨིནམ་དང་ ཁོ་རང་ རབ་འབྱུང་༣པའི་ཆུ་རྟ་སྤྱི་ལོ་ ༡༡༦༢ལུ་ སྐུ་འཁྲུངས་ནུག།
འབྱུང་ས་: རྫོང་ཁོང་ལྷན་ཚོགས།


ངན་པ་དགུ་འཛོམས།་





ཧེ་མ་ གཟའ་ཉི་མ་ནག་ཆེན་གྱིས་ རི་རབ་གཡས་བསྐོར་དང་ སྲིང་མོ་འབྲོག་སྲིང་མོ་གིས་ རི་རབ་

གཡོན་བསྐོར་འབད་འགྱོཝ་ད་ ཁོང་སྤུན་ཆ་གཉིས་ཀུ་ རི་རབ་ཀྱི་བྱང་ཕྱོགས་ ཟླཝ་༡༡པའི་ཚེས་༧ལུ་

འཕྱད་དེ་ལུས་འབྲེལ་འབད་བའི་སྐབས་ལུ་

༡༽ སྟེང་རླུང་འོག་ཏུ་རྒྱུ།

༢༽ འོག་རླུང་སྟེང་དུ་རྒྱུ།

༣༽ བར་རླུང་ཕར་འཁྱུག

༤༽ བར་རླུང་ཚུར་འཁྱུག

༥-༩༽ ས་ཆུ་མེ་རླུང་ནམ་མཁའ་- ཉིནམ་ངན་པ་ཤར་བའི་དུས་དང་བཅས་དུས་ཚོད་ངན་པ་༩འཛོམས་སོ།

འབྱུང་ས་: རྫོང་ཁོང་ལྷན་ཚོགས།


ནང་པའི་ལུགས་ལྟར་ཉིམ་གཟའ་ཟིན་དང་ས་ཡོམ་འབྱུང་ཚུལ།





དེ་ཡང་ ཡིད་བཞིན་རིན་པོ་ཆེའི་མཛོད་ལས་ ལྷ་དང་ལྷ་མིན་གཉིས་དཔག་བསམ་ལྗོན་ཤིང་དང་ལྷ་མིན་གྱི་

བུམོ་གི་སྐོར་ལས་མ་འགྲིགས་པར་ དམག་འཁྲུགས་ལང་ནི་འབདཝ་ད་ དང་པ་ར་ དཀར་ཕྱོགས་ཀྱི་ཀླུ་དང་

ནག་ཕྱོགས་ཀྱི་ཀླུའི་སྡེ་ཚན་གཉིས་འཐབ། དེའི་སྐབས་ལུ་ ནག་ཕྱོགས་ཀྱི་ལྷ་ཚུ་ཕམ་ཏེ་ ལྷ་མ་ཡིན་གྱི་རྒྱལཔོ་

སྒྲ་གཅན་དང་དཀར་ཕྲེང་དང་འགུལ་ཕྲེང་དང་ཐག་བཟང་རི་ཟེར་བཞི་ཡོད་མི་ལས་ ཐག་བཟང་རི་ལུ་

སྙན་དཀྲོགསཔ་ད་ ཐག་བཟང་རི་ཙིགཔ་ཟ་སྟེ་ རིའི་རྒྱལ་པོ་རི་རབ་ལུ་ རྡོག་ཐལ་ཅིག་བླུགས་པའི་སྐབས་

ས་འཛམ་གླིང་འདི་ འདར་འགུལ་སྦོམ་བྱུང་སྟེ་ ས་ཡོམ་འབྱུངམ་ཨིན། དེ་ལས་ ལྷའི་དབང་པོ་བརྒྱ་བྱིན་གྱིས་

མེ་ལོང་ནང་གཟིགསཔ་ད་ ལྷ་མིན་གྱི་དམག་འོངམ་ཤེས་ཏེ་ ལྷ་དང་ལྷ་མིན་གྱི་བར་ན་ དམག་འཁྲུགས་ཡུན་རིངམོ་

ལང་པའི་སྐབས་ ལྷ་མིན་འབུམ་ཕྲག་ལས་བཅད་དེ་ཤི་བའི་ཤུལ་ལུ་ ལྷ་མིན་རྒྱལཔོ་དགྲ་གཅན་གཟན་དམག་ལུ་

འོང་དོ་ཡོདཔ་ལས་ དགྲ་གཅན་གཟན་འདི་ ཉིམ་དང་ཟླཝ་ལུ་བལྟ་མ་ཚུགས་མི་ཅིག་ཨིནམ་ལས་ ལགཔ་ཡ་

གཅིག་གིས་ཉིམ་དེ་བཀབ་བཞག་སྟེ་ ཡ་གཅིག་གིས་ལྷ་དང་གཅིག་ཁར་འཐབ་ད་ འཛམ་གླིང་ནང་

ཉིམ་གཟའ་འཛིན་ཟེར་སླབ་ཨིན། དེ་བསྒང་ དགེ་བ་དང་སྡིག་པ་ག་ཅི་འབད་རུང་ དགེ་སྡིག་སྟོབས་ཆེན་

བསགས་ནི་ཨིན་པའི་རྒྱུ་མཚན་ཡང་ ལྷ་དང་ལྷ་མིན་འཐབ་པའི་སྐབས་ ཕྱོགས་གཉིས་ཀྱི་དམག་སྡེ་

ས་ཡ་ལས་བཅད་དེ་ཤི་སྟེ་ རྒྱ་མཚོ་ནང་ལྷུང་ཞིནམ་ལས་ རྒྱ་མཚོ་ཆེན་པོ་ཡང་ དམར་རུ་རུ་སོང་སྟེ་

རྒྱ་མཚོའི་མདངས་གནམ་ཁར་ཕོགཔ་ད་ ང་བཅས་ཀྱིས་གནམ་སྲོ་ཁམས་ཅིག་ལུ་ གནམ་ཁ་ལུ་སྐུ་རགས་

དམརཔོ་སྦེ་མཐོང་མི་འདི་ཨིན་ཟེར་གསུངས་འདུག དེ་བསྒང་དགེ་སྡིག་ག་ཅི་སྒྲུབ་རུང་ ཟླ་འཛིན་སྐབས་

བྱེ་བ་བདུན་འགྱུར་དང་ཉི་འཛིན་སྐབས་བྱེ་བ་འབུམ་འགྱུར་གྱིས་ཆེཝ་སྦེ་ ཀུན་བཟང་སྨོན་ལམ་ནང་ཡང་

འཐོན་ནི་ཡོད། ནང་པའི་ལུགས་ལུ་ ལོ་གཉིས་གསུམ་རེ་རེའི་བར་ན་ ཟླ་འཛིན་ཉི་འཛིན་གང་རུང་འབྱུང་སྲིད་དོ།

འབྱུང་ས་: གནས་ཚུལ་ལས་ཁང་།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s