གཉེན་གྱི་བར་ཆད་ལས་བརྟེན་ དམ་པའི་ཆོས་འབད་མ་ཚུགས་རུང་ རྩ་འགེངས་འབད་ནིའི་ཁས་བླངས།


ཀ་བ་མེད་པའི་བྱག་ཕུག་སྟོངམ་ཅིག་ནང་།། ཁ་ཐུན་བཏང་སྟེ་སྡོད་རུང་བར་ཆད་མས།།
ག་ཅིའི་ལས་ཅིག་མ་དགཔ་ཨིན་ན་སྨོ།། ང་འདི་བློ་ཕམ་སེམས་ཤི་དྲེགས་མ་ཚུགས།།

ཅ་ཅོ་ཆེ་བའི་ཡུལ་ངན་སྤང་སྟེ་གིས།། ཆ་རོགས་འདྲ་བའི་ཕ་མ་གཉེན་ཉེཝ་དང་།།
ཇ་ཆང་ལོངས་སྤྱོད་རྒྱབ་ཁར་སྐྱུར་བཞག་རུང་།། ཉ་ཕྲུག་འདྲ་བའི་གཅེས་ཕྲུག་ལྷང་ལྷང་དྲན།།
ཁ་གསལ་ལྷག>>>

རྒྱལ་ཁབ་དང་རང་བཞིན་གནས་སྟངས་ལུ་བསྟོད་བསྔགས།


ཀ་བ་འདྲ་བའི་གངས་རི་ཚུ་གིས་སྐོར།།
ཁ་བཞི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི།།
ག་ལས་བལྟ་རུང་མིག་ཁར་མཛེས་ཏོག་ཏོ།།
ང་བཅས་འབྲུགཔ་ཚུ་དཔའ་ཉམས་བསྐྱེད་དགོཔ་འདུག།


ཅ་ཅོ་ཆེ་བའི་བྱ་དང་བྱིའུ་ཅུང་གིས།།
ཆ་རོགས་མེད་པའི་མི་ལུ་སྤྲོ་བ་བྱིན།།
ཇ་དང་ཆང་གི་སྤྲོ་བ་དེ་ལས་ལྷག།
ཉ་མོ་ཆུ་རྩལ་སྟོན་པའི་སྤྲོ་ཉམས་ཆེ།།

ཁ་གསལ་ལྷག>>>

རང་གི་སློབ་དཔོན་ལུ་བཀྲིན་བསམ་པ།


ཀ་ཁ་ག་ང་ཡི་གུའི་སྦྱོར་བ་སོགས།། ཁ་འཇམ་བརྩེ་བའི་སྒོ་ལས་སློབ་སྟོན་གནང་།།
ག་ཏེ་འགྱོ་རུང་རང་མགོ་འདྲོངས་མི་འདི།། ང་བཅས་སློབ་དཔོན་མཆོག་གི་སྐུ་དྲིན་ཨིན།།


ཅ་ལ་གསེར་གྱི་པ་ཏྲ་བརྐོ་སྟེ་གིས།། ཆ་བསྒྲིགས་ཕུལ་རུང་དྲིན་ལན་འབྱོར་མ་ཚུགསན།།
ཇ་ཁང་བཟའ་ཁང་ནང་ལས་གསོལ་ཇ་དང་།། ཉ་སྤགས་དྲང་པ་ཙམ་གྱིས་ག་ལས་འབྱོར།།
ཁ་གསལ་ལྷག>>>

དྲིན་ཆེན་གྱི་ཕམ་ལུ་བཀྲིན་དགའ་ཚོར།


ཀ་རྩོམ་མི་འབྲི་མནོ་རུང་བྲི་དགོ་པས།། ཁ་ལས་མི་འཐོན་མནོ་རུང་འཐོན་དགོ་པས།།
ག་ཅིའི་ཐད་ལས་འབད་རུང་དྲིན་ཆེ་བའི།། ང་རའི་ཕམ་ལུ་དགའ་ཚོར་ཞུ་ནི་ཨིན།།


ཅ་ཆས་གྱོན་ཆས་ཉོ་སྟེན་བྱིནམ་མ་ཚད།། ཆ་རོགས་ཡ་རབས་བཟང་པོའི་སྦུག་ལུ་བཙུགས།།
ཇ་སོགས་ཟས་ཀྱི་ཕུད་ཡང་ཨ་ལོར་བྱིན།། ཉ་ཤའི་ཚོདམ་ཅིག་བཙོ་རུང་ཨ་ལོའི་དོན།།

ཁ་གསལ་ལྷག>>>

རང་ལུ་ཡོན་ཏན་དང་ལྕོགས་གྲུབ་མེདཔ་ལས་ བུམོ་གིས་དགའ་མ་བཏུབ་པའི་ཀ་རྩོམ།


ཀ་ཁ་ལ་སོགས་ཡིག་ངོ་རང་མ་ཤེས།།
ཁ་ལས་ཁ་ཐུན་རང་གིས་གཏང་མ་ཤེས།།
ག་ཏེ་འགྱོ་རུང་རོགས་ཀྱིས་ཞེན་པ་ལོག།
ང་བཟུམ་བུ་ཚུ་གཞན་ཡང་ཡོད་ག་སྨོ།།


ཅ་ཆས་ཉོ་སྟེ་བུམོ་གཅིག་ལྷུ་སོང་པ།།
ཆ་རོགས་བཟུམ་སྦེ་སྡོད་ནི་དགའ་བས་ལོ།།
ཇ་ཕོརཔ་གང་གིས་མོ་གི་ཁྱད་མ་ཆོད།།
ཉ་རོགསཔ་ཉ་ཤ་མ་ཐོབ་བཟུམ་སྦེ་ལུས།།

ཁ་གསལ་ལྷག>>>

དཔལ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ལུ་ཀ་རྩོོམ་ཐོག་གི་བསྟོད་བསྔགས།

4290_81553373259_6575181_n

Courtesy: Facebook: King of Bhutan finds his Soul Mate
 
་བ་དུང་གིས་བཏེགས་པའི་ཁང་བཟང་ནང་།། ་དར་སྣ་ལྔ་བརྒྱན་པའི་གསེར་ཁྲིའི་སྟེང་།།

་པུར་འཛིན་དང་དབྱེར་མེད་རྒྱལ་པོ་མཆོག། ་རྒྱལ་མིང་ཙམ་མེད་པའི་བྱང་སེམས་ཅན།།
 

་ནོར་སོགས་ལ་ཆགས་པ་སྤུ་ཙམ་མེད།། ་འོག་ཉི་ཤིུའི་འབངས་ལ་སྐྱིད་སྡུག་གཟིགས།།

་ཆང་ཕུན་སུམ་ཚོགས་པ་མ་གནང་རུང་།། ་མོ་ཆུ་མོའི་གཞུང་ཁར་དགའ་ཉམས་ཤར།།
ཁ་གསལ་ལྷག>>>

བོད་སྒྲའི་གླུ་གཞས།

༡༽ སྤ་གྲོ་སྐྱིད་ཆུ།

སྤ་གྲོ་སྐྱིད་ཆུ་ལྷ་ཁང་།། ཞིང་ཁམས་བརྒྱའི་གདན་ས།།

སྐྱིད་ཆུ་ལྷ་ཁང་མཇལ་བའི།། རྒྱལ་པོའི་སྐུ་སྲུང་དམག་མི།།

རྒྱལ་པོའི་སྐུ་ཚེ་ཆེ་ཆུང་།། ས་ལམ་ཞུ་ནས་མཇལ་ཡོད།།

གཟིམ་ཅུང་སྒྲོལ་མའི་ལྷ་ཁང་།། མི་དབང་རྒྱལ་པོ་བཞུགས་ཡོད།།

ཐུགས་སེམས་མདོག་ལས་མཚར་བ།། རྒྱལ་ཁབ་ཡོངས་ལ་གཟིགས་སོང་།།

མིག་དམར་ཟླ་བའི་སྟེང་དུ།། སྨིན་དྲུག་བཞུགས་ས་མིན་འདུག།

སྡོད་ས་མེད་པའི་སྨིན་དྲུག། སེམས་ཀྱི་སྐྱོ་རོགས་ཨིན་པས།།

ཁ་གསལ་ལྷག>>>

གཞུང་སྒྲ།

༡༽ ནམ་མཁའ་སྤྲིན་མེད་དྭངས་པ།

ནམ་མཁའ་སྤྲིན་མེད་དྭངས་པ་སེམས་རེ་དགའ།།

ཁྲི་གདུགས་ཉི་མ་བཞུགས་པ་དང་རེ་སྤྲོ།།

སྐར་སངས་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་།།

ཞལ་ཧ་ཡང་མཇལ་ཀྱང་དོ་རུང་མཇལ།།

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

ཆོས་འཁོར་ལྷ་ས་བཞེངས་པ་སེམས་རེ་དགའ།།

ཤཱཀྱ་མུ་ཎི་བཞུགས་པ་དྭངས་རེ་སྤྲོ།།

པད་སྐོར་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་།།

ཞལ་ཧ་ཡང་མཇལ་ཀྱང་དོ་རུང་མཇལ།།

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

སྤུངས་ཐང་བདེ་ཆེན་བཞེངས་པ་སེམས་རེ་དགའ།།

ངག་དབང་རྣམ་རྒྱལ་བཞུགས་པ་དྭངས་རེ་སྤྲོ།།

ཆབ་བླུགས་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་།།

ཞལ་ཧ་ཡང་མཇལ་ཀྱང་དོ་རུང་མཇལ།།

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

གཡུས་བཟང་ཁྲ་མོོ་བཞེངས་པ་སེམས་རེ་དགའ།།

ཡབ་ཡུམ་གཉིས་ཀུ་བཞུགས་པ་དྭངས་རེ་སྤྲོ།།

སུམ་ཆང་ཁག་མ་འཛོམས་པ་རྟེན་འབྲེལ་བཟང་།།

ཞལ་ཧ་ཡང་མཇལ་ཀྱང་དོ་རུང་མཇལ།།

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

ཁ་གསལ་ལྷག>>>

སློབ་དཔོན་བཀྲིན་ཆེ།


མཆོད་པར་བརྗོད་པ།


ཨོཾ་བདེ་ལེགས་སུ་གྱུར་ཅིག།

བརྒྱད་གཉིས་བཅུ་དྲུག་ལོན་པའི་རྒྱན་གྱིས་བརྒྱན།།

སྲིད་པའི་མ་རིག་མུན་པ་སེལ་མཛད་མཁན།།

ཤེས་བྱ་ཐོགས་པ་མེད་པའི་གླེགས་བམ་འཛིན།།

འཇམ་དབྱངས་ལྷ་ལ་སྒོ་གསུམ་གུས་ཕྱག་འཚལ།།

ཁ་གསལ་ལྷག>>>

སྒྲིག་ལམ་རྣམ་གཞག


༆ སྒྲིག་ལམ་རྣམ་གཞག་འདི་ ད་རེས་ནངས་པ་ རིག་རྩལ་དང་ལྕོགས་གྲུབ་དང་ལྡན་པའི་མི་ཚུ་གིས་

བཟོ་བཟོཝ་དང་བརྩམས་བརྩམཔ་མེན་པར་ ང་བཅས་ར་འགྲོ་བ་གནས་སྟངས་འདི་ནང་ སྒྲིག་ཁྲིམས་འདི་མེད་

ཐབས་མེདཔ་ཨིན་པར་གཟིགས་ཏེ་ ཡ་རབས་དམ་པའི་གང་ཟག་དང་སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་

མཛད་མཛད་པའི་ལམ་ལུགས་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཨིན། དེ་འབདཝ་ལས་བརྟེན་

དཔྱེ་གཏམ་ལུ་ཡང་:

ཁ་གསལ་ལྷག>>>