གཞུང་སྒྲ།

༡༽ ནམ་མཁའ་སྤྲིན་མེད་དྭངས་པ།

ནམ་མཁའ་སྤྲིན་མེད་དྭངས་པ་སེམས་རེ་དགའ།།

ཁྲི་གདུགས་ཉི་མ་བཞུགས་པ་དང་རེ་སྤྲོ།།

སྐར་སངས་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་།།

ཞལ་ཧ་ཡང་མཇལ་བ་ད་རུང་མཇལ།།

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

ཆོས་འཁོར་ལྷ་ས་བཞེངས་པ་སེམས་རེ་དགའ།།

ཤཱཀྱ་མུ་ནི་བཞུགས་པ་དང་རེ་སྤྲོ།།

པད་ཀོར་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་།།

ཞལ་ཧ་ཡང་མཇལ་བ་ད་རུང་མཇལ།།

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

སྤུངས་ཐང་བདེ་ཆེན་བཞེངས་པ་སེམས་རེ་དགའ།།

ངག་དབང་རྣམ་རྒྱལ་བཞུགས་པ་དང་རེ་སྤྲོ།།

ཆབ་བླུགས་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་།།

ཞལ་ཧ་ཡང་མཇལ་བ་ད་རུང་མཇལ།།

ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

༢༽དགོན་པ་གསེར་ལས་གྲུབ་པ།

དགོན་པ་གསེར་ལས་གྲུབ་པའི་དཔོན་གཡོག་ཚོ།།

ཉི་མ་ཤར་གྱི་ཕྱོགས་སུ་མི་བྱོན་ག།

ཁྲི་གདུགས་ཉི་མ་འདྲ་བའི་རྟ་པོ་ལ།།

ཞོ་ཤེལ་ཟླ་བ་འདྲ་བའི་སྒ་སྲབ་སྒྲོན།།

སྐར་མ་སྨིན་དྲུག་མང་པོ་སོ་སོར་དག་ལ།།

མ་རིག་མུན་པ་སེལ་བར་མི་བྱོན་ག།

ཕོ་ཤིང་སྟག་པ་འདྲ་བའི་རྟ་པོ་ལ།།

མོ་ཤིང་གླང་མ་འདྲ་བའི་སྒ་སྲབ་སྒྲོན།།

ཤིང་ལ་ཤིང་ཆེན་མང་པོ་སོ་སོར་དག་ལ།།

ཀ་བཞི་གདུང་བརྒྱད་བཙུགས་པར་མི་བྱོན་ག།

གཡས་རི་གཙང་ཆུ་འདྲ་བའི་རྟ་པོ་ལ།།

དཀྱིལ་ཆུ་སྔོན་མོ་འདྲ་བའི་སྒ་སྲབ་སྒྲོན།།

ཆུ་ལ་ཆུ་ཆེན་མང་པོ་སོ་སོར་དག་ལ།།

དངུལ་གྱི་བུམ་ཆུ་འདེགས་པར་མི་བྱོན་ག།


༣༽རྒྱ་ཟ་བོད་ལ་མི་འགྲོ།

རྒྱ་ཟ་བོད་ལ་མི་འགྲོ་འཚེར་བ་ཡིན།།

དབང་ཕྱུག་བོད་ལ་མི་འགྲོ་སྒོམ་པ་གནང་བཞུགས།།

ཡབ་རྗེ་མི་དབང་རྒྱལ་པོ་བདག་ལ་གསན།།

ཡབ་རྗེ་གསེར་ཁྲིའི་སྟེང་ལ་སྒོམ་པ་གནང་བཞུགས།།

ཡུམ་ཆེན་མི་དབང་རྒྱལ་མོ་བདག་ལ་གསན།།

ཡུམ་ཆེན་དངུལ་ཁྲིའི་སྟེང་ལ་སྒོམ་པ་གནང་བཞུགས།།

བུམ་རྒྱ་ཟ་བཞུགས་སའི་གཡས་ཕྱོགས་སུ།།

གསེར་པོ་གསེར་གྱི་རང་ཐག་ཆ་གཅིག་ཡོད།།

གནམ་ལ་ལས་རུང་གསེར་གྱི་བརྒྱ་འཐོན་ཡིན།།

གནམ་ལ་ཕྱི་རུང་གསེར་གྱི་སྟོང་འཐོན་ཡིན།།

འདི་ཡང་ང་རང་མི་དགོས་བློན་པོར་ཕུལ།།

འདི་ཡང་བོད་ཀྱི་བློན་པོའི་ཕྱག་མཇལ་འབད།།


༤༽ཡུལ་བཟང་བོད་ཀྱི་རི་ལ།

ཡུལ་བཟང་བོད་ཀྱི་རི་ལས།། གསེར་གྱི་མཚོ་མོ་འཁྱིལ་ཡོད།།

གསེར་གྱི་མཚོ་མོའི་ནང་ལས།། གསེར་གྱི་བུམ་པ་འཁྲུངས་ཡོད།།

གསེར་གྱི་བུམ་པའི་ནང་ལས།། གསེར་གྱི་མེ་ཏོག་ཤར་ཡོད།།

མེ་ཏོག་བུམ་པ་ཆ་འདི།། ཕུལ་ས་བླ་མའི་ཕྱག་ལ།།

བླ་མའི་ཕྱག་ལས་ཞུ་ནས།། ཕུལ་ས་མཆོད་ཁང་ཁྲ་མོ།།

མཆོད་བཤམ་ཁྲ་མོར་ཕུལ་ནས།། ལྷ་ཡང་ཞལ་དགྱེས་ཤོར་སོང་།།


༥༽འབྲུག་པའི་སྤུངས་ན་བདེ་ཆེན།

འབྲུག་པའི་སྤུངས་ན་བདེ་ཆེན།། བཀྲིས་སྒོ་མང་འདྲ་དོ།།

སྭ་ཡ་རྨ་བྱ་བུ་ཁྲིད་ལེགས་སྟོད་ཆགས་པ་ལ་ཅིག་སོང་།།

མཐོ་བ་གསེར་ཏོག་བཀལ་ས།། དམའ་བ་རྒྱབ་གཞི་སྤུབས་ས།།

སྭ་ཡ་རྨ་བྱ་བུ་ཁྲིད་ལེགས་སྟོད་ཆགས་པ་ལ་ཅིག་སོང་།།

འབྲུག་པའི་ཐང་བཟོ་སྒོ་ཅུ།། དངུལ་དཀར་མེ་ལོང་འདྲ་དོ།།

སྭ་ཡ་རྨ་བྱ་བུ་ཁྲིད་ལེགས་སྟོད་ཆགས་པ་ལ་ཅིག་སོང་།།

འབྲུག་པའི་སྤུངས་ན་ཟམ་པ།། གསེར་ཟམ་དངུལ་ཟམ་འདྲ་དོ།།

སྭ་ཡ་རྨ་བྱ་བུ་ཁྲིད་ལེགས་སྟོད་ཆགས་པ་ལ་ཅིག་སོང་།།

འབྲུག་པའི་དར་འཕྱར་ལམ་འདི།། དར་ལམ་དཀར་ཅུང་འདྲ་དོ།།

སྭ་ཡ་རྨ་བྱ་བུ་ཁྲིད་ལེགས་སྟོད་ཆགས་པ་ལ་ཅིག་སོང་།།


༦༽མཚན་ལྡན་ཚོགས་ལུགས།

མཚན་ལྡན་ཚོགས་པའི་ཚོགས་ལུགས་བཤད་མི་དགོས།།

མཚན་ལྡན་ཚོགས་པའི་ཚོགས་ལུགས་བཤད་དགོས་ན།།

དབུ་ཞྭ་གནམ་ལ་མ་རེག་ཆོས་ཀྱི་སྡོམ་པ་གཅིག།

ཤམ་ཐབས་ས་ལ་མ་ཤོར་རས་གོས་སྡོམ་པ་གཉིས།།

ན་བཟང་བར་ལས་རླུང་དར་འཕྱར་བ་གསུམ་ཟེརཝ་ད་ཡ།།

ཨ་ལོ་སྡེ་མི་མཚན་ལྡན།།

སངྱས་སྟོང་གི་རྣམ་སྤྲུལ་ཐོབ་པ་ལགས་སོ།།


༧༽འཁྲུངས་ལ་ཡག་ཡག

འཁྲུངས་ལ་ཡག་ཡག། དགོནམ་རྟ་ལོག་དཔལ་གྱི་དགོན་པ་ལུ།།

འཁྲུངས་ལ་ཡག་ཡག། ཕྱི་སྒོ་ར་སྒོ་ནི་དངུལ་གྱི་སྒོ།།

འཁྲུངས་ལ་ཡག་ཡག། ནང་གཟིམ་ཅུང་སྒོ་ནི་གསེར་གྱི་སྒོ།།

འཁྲུངས་ལ་ཡག་ཡག། ནང་གསེར་སྒོ་ཕྱེ་བའི་ནང་གཤེད་ནང་།།

འཁྲུངས་ལ་ཡག་ཡག། རྒྱབ་ལ་གསེར་ཁྲི་དངུལ་ཁྲི་སྟེང་།།

འཁྲུངས་ལ་ཡག་ཡག། བཞུགས་གདན་སྟག་པགས་གཟིག་པགས་རྐྱབ།།

འཁྲུངས་ལ་ཡག་ཡག། བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་བཞུགས།།

འཁྲུངས་ལ་ཡག་ཡག། ཞལ་མེ་ཏོག་པདྨ་སྒོར་ཏེ་བཞུགས།།

འཁྲུངས་ལ་ཡག་ཡག། བོད་དམག་ཕྱག་གིས་མནན་ཏེ་བཞུགས།།

འཁྲུངས་ལ་ཡག་ཡག། རྒྱ་དམག་ཞབས་ཀྱིས་མནན་ཏེ་བཞུགས།།

འཁྲུངས་ལ་ཡག་ཡག། ལྷོ་མོན་བདེ་བར་བཀོད་དེ་བཞུགས།།

འཁྲུངས་ལ་ཡག་ཡག།


༨༽ཤར་ཕྱོགས་དགུང་ཐང་ལ་མོ།

ཤར་ཕྱོགས་དགུང་ཐང་ལ་མོའི་ལ་མགོ་འདི།། ལ་མོ་ལ་ངོ་མ་ཤེས་ལ་གཅིག་འདུག།

ལ་མོ་ལ་ལོ་སླབ་ཚེ་ལྷ་ལ་ལོ།། ལ་མོ་ལ་ལོ་སླབ་ཚེ་འདྲེ་ལ་ལོ།།

ལ་མོ་ང་ངོ་ཁྱོད་ཀྱིས་མ་ཤེས་ན།། ལ་མོ་ང་ནི་དགུང་ཐང་ལ་མོ་ཨིན།།

རྩ་བ་བྱང་རྩེ་གཞུང་ང་མི་འགྲོ།། བོད་ཀྱི་ཆོས་འཁོར་ལྷ་ས་མཇལ་ནས་ཡོང་།།


༩༽ཞི་བ་མི་བཞུགས་ཞི་བ་བཞུགས།

ཞི་བ་མི་བཞུགས་ཞི་བ་བཞུགས།། ཞི་བ་དགུང་སང་མཐོན་པ་བཞུགས།།

མགྲོན་པོ་མི་བཞུགས་མགྲོན་པོ་བཞུགས།། མགྲོན་པོ་ཁྲི་གདུགས་ཉི་མ་བཞུགས།།

ཕྱག་གཅིག་གཡས་ལ་རྨ་བྱ་བསྣམས།། རྨ་བྱ་རྒྱ་ལས་གདོང་སྒྲོ་བསྣམས།།

ཕྱག་གཅིག་གཡོན་པ་ཤང་ཤང་བསྣམས།། ཤང་ཤང་བོད་ལས་ཕོད་ཁ་བསྣམས།།

གཡས་གཡོན་མེད་པ་སྨན་འཚོ་བསྣམས།། སྨན་འཚོ་རྒྱ་ལས་སྨན་ཁུག་བསྣམས།།


༡༠༽གསེར་གྱི་ལགས་སོ་རྒྱལ་མཚན།

གསེར་གྱི་ལགས་སོ་རྒྱལ་མཚན་མི་བཙུགས།། གསེར་གྱི་ལགས་སོ་རྒྱལ་མཚན་བཙུགས་ན།།

གསེར་གྱི་ལགས་སོ་རྒྱལ་མཚན་བཙུགས་ན།། ཆོས་འཁོར་ལྷ་ས་བཙུགས།།

ཤཱཀྱ་མུ་ཎི་མ་བཞུགས་ན།། རྒྱལ་མཚན་བཙུགས་རྒྱུ་མེད།། ཤཱཀྱ་མུ་ཎི་བཞུགས་ན།།

རྒྱལ་མཚན་བཙུགས་རྒྱུ་ཡོད།། དབུ་ལ་ཨོ་རྒྱན་པད་ཞྭ།། བཀྲ་ལ་ཤིས་པར་ཤོག།

ཕྱག་ལ་རྡོ་རྗེ་དྲིལ་བུ།། གཡང་ལ་ཆགས་པར་ཤོག། ཐུགས་ལ་དངུལ་དཀར་མེ་ལོང་།།

བཀྲིས་སྨོན་ལམ་ཞུ་གེ།


༡༡༽རྒྱ་བཟའ་བོད་ལ་མི་འགྲོ།

རྒྱ་བཟའ་བོད་ལ་མི་འགྲོ་འཚེར་བ་ཡོད།། དབང་ཆེན་བོད་ལ་མི་འགྲོ་དགོངས་པ་གནང་།།

ཡབ་ཆེན་མི་དབང་རྒྱལ་པོ་བདག་ལ་གསོན།། ཡབ་ཆེན་གསེར་ཁྲི་སྟེང་ལ་དགོངས་པ་གནང་།།

ཡུམ་ཆེན་མི་དབང་རྒྱལ་མོ་བདག་ལ་གསོན།། ཡུམ་ཆེན་དངུལ་ཁྲི་སྟེང་ལ་དགོངས་པ་གནང་།།

བུ་མོ་རྒྱ་བཟའ་བཞུགས་སའི་གཡས་ཕྱོགས་སུ།། གསེར་པོ་གསེར་གྱི་རང་འཐག་ཆ་གཅིག་ཡོད།།

ནམ་ལ་ཧ་རུང་གསེར་ཕྱེ་བརྒྱ་རེ་འཐག། ནམ་ལ་ཕྱི་རུ་གསེར་ཕྱེ་སྟོང་རེ་འཐག།

ནམ་ལ་གསེར་ཕྱེ་བརྒྱ་འཐག་སྟོང་འཐག་སྟེ།། འདི་ཡང་བོད་ཀྱི་བློན་པོའི་ལམ་འཇུག་ཕུལ།།


༡༢༽དར་དཀར་ལ་མོའི་ལ་གཞོལ།

དར་དཀར་ལ་མོའི་ལ་གཞོལ།། གྲོང་ལ་གསེར་གྱི་ལ་ལས།།

མ་མཐོང་ལ་ཡིས་བཅད་དེ།། ཨའུ་ས་ལེ་ཨའུ།

དར་དཀར་ཀ་ལི་རྫིང་ཁ།། དཔལ་འཛོམས་བུ་མོའི་ཕ་ཡུལ།།

ཨའུ་ས་ལེ་ཨའུ། དར་དཀར་གསེར་མཚོ་གཡུ་མཚོ།།

དཔལ་འཛོམས་བུ་མོའི་གསོལ་ཆུ།། ཨའུ་ས་ལེ་ཨའུ།

ནགས་ཀྱི་དོམ་ཅུང་ཧིང་དཀར།། དཔལ་འཛོམས་བུ་མོའི་སྒོ་ཁྱི།།

ཨའུ་ས་ལེ་ཨའུ། ལ་ཁའི་བྱ་མདངས་དཔུང་དཀར།།

དཔལ་འཛོམས་བུ་མོའི་གདང་བྱ།། ཨའུ་ས་ལེ་ཨའུ།

ལ་ཁའི་ལྷ་ཤིང་ཤུག་པོ།། དཔལ་འཛོམས་བུ་མོའི་གསོལ་ཤིང།།

ཨའུ་ས་ལེ་ཨའུ།


༡༣༽བསམ་ཡས་ཀྱི་ས་ལ་མོ།

བསམ་ཡས་ཀྱི་ས་ལ་མོ།། གང་གི་ལོ་ལས་སེལ་ཡོད་པའི།།

ས་གཞི་བྱིའུ་དེ་སེལ་སེལ་བ།། བྱི་བའི་ལོ་ལས་སེལ།། ཨོམ་ས་མ་ནི།

མ་ནི་པདྨེ་ཧཱུ་ཤེས་པའི།། བདག་ལ་ཨོམ་ས་མ་ཎི་པདྨེ་ཧཱུ་ཧྲི།།

བསམ་ཡས་ཀྱི་འགྱམ་ལ་ལོ།། གང་གི་ལོ་ལས་བཙུགས་ཡོད་པའི།།

འགྱམ་རྡོ་གླང་དེ་ཉལ་ཉལ་བ།། གླང་གི་ལོ་ལས་བཙུགས།།

བསམ་ཡས་ཀྱི་སྒོ་ལ་མོ།། གང་གི་ལོ་ལས་ལྷོང་ཡོད་པའི།།

སྒོ་མོ་སྟག་དེ་ལྷོང་ལྷོང་པ།། སྟག་གི་ལོ་ལས་ལྷོང་།། ཨོམ་ས་མ་ནི།

མ་ནི་པདྨེ་ཧཱུ་ཤེས་པའི།། བདག་ལ་ཨོམ་ས་མ་ཎི་པདྨེ་ཧཱུ་ཧྲི།།

བསམ་ཡས་ཀྱི་རབ་གསལ།། གང་གི་ལོ་ལས་ལྷོང་ཡོད་པའི།།

རབ་གསལ་ཡོས་དེ་ལྷོང་ལྷོང་བ།། ཡོས་ཀྱི་ལོ་ལས་ལྷོང་།།

ཨོམ་ས་མ་ནི། མ་ནི་པདྨེ་ཧཱུ་ཤེས་པའི།།

བདག་ལ་ཨོམ་ས་མ་ཎི་པདྨེ་ཧཱུ་ཧྲི།། བསམ་ཡས་ཀྱི་བད་སྐས།།

གང་གི་ལོ་ལས་བཙུགས་ཡོད་པའི།། བད་སྐས་འབྲུག་དེ་ལྡིང་ལྡིང་བ།།

འབྲུག་གི་ལོ་ལ་བཙུགས།། ཨོམ་ས་མ་ནི། མ་ནི་པདྨེ་ཧཱུ་ཤེས་པའི།།

བདག་ལ་ཨོམ་ས་མ་ཎི་པདྨེ་ཧཱུ་ཧྲི།། བསམ་ཡས་ཀྱི་ཟུར་ལ་ཆེ།།

གང་གི་ལོ་ལས་ཕྲང་ཡོད་པའི།། ཟུར་ཆེན་སྦྲུལ་དེ་ཕྲང་ཕྲང་བ།།

སྦྲུལ་གྱི་ལོ་ལས་ཕྲང་།། ཨོམ་ས་མ་ནི། མ་ནི་པདྨེ་ཧཱུ་ཤེས་པའི།།

བདག་ལ་ཨོམ་ས་མ་ཎི་པདྨེ་ཧཱུ་ཧྲི།།


^^མགུ་ལུ་འགྱོ།^^

One response

  1. great work. jurgay!

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s