འབྲུག་གི་རྒྱལ་ཁབ་འདི་ནང་ རྒྱལ་བརྒྱུད་ཀྱི་རིངས་ལུགས་དབུ་བརྙེས་ཏེ་ མི་ལོ་བརྒྱ་འཁོར་བའི་བཀྲིན་རྗེས་དྲན།-

སྔོན་བརྗོད།

The Guru Rinpoche who came to Bhutan in 746 A.D subdued all demon(ess) and blessed the country

ཨྱོན་གུ་རུའི་ལུང་བསྟན་བབས་པ་ལས།།

ལྷོ་མོན་རྒྱལ་ཁབ་འདི་ནང་ཞབས་ཀྱིས་བཅགས།།

འདྲེ་སྲིན་གདུག་པ་ཅན་རྣམས་དམ་ལུ་བཏགས།།

གསང་སྔགས་ཆོས་ཀྱི་བསྟན་པ་དར་ཞིང་རྒྱས།།

The Zhabdrung Ngawang Namgyal who came to Bhutan in 1616 established the first monastic body in our country

དེ་བཞིན་ཆོས་རྒྱལ་ངག་དབང་རྣམ་རྒྱལ་ཡང་།།

ཆིབས་ཁ་ལྷོ་ལུ་བསྒྱུར་བའི་རྟེན་འབྲེལ་ལས།།

ཕྱི་ནང་གསང་གསུམ་དགྲ་ལས་རྣམ་པར་རྒྱལ།།

བཀའ་བརྒྱུད་ཆོས་ཀྱི་སྒྲ་ཆེན་མཁའ་ལ་ལྡིར།།


སྐྱེས་མཆོག་དམ་པའི་ཐུགས་རྗེ་བྱིན་རླབས་ཀྱིས།།

མུན་པའི་གླིང་ནང་ཆོས་ཀྱི་འོད་ཟེར་འཕྲོས།།

ཆོས་ལྡན་འབྲུག་གི་རྒྱལ་ཁབ་སྙན་གྲགས་སྤེལ།།

དམ་པ་གཉིས་ཀྱི་ཞལ་དུ་མཆོད་པ་ཕུལ།།

ཞེས་ མཆོད་པར་བརྗོད་པའི་མེ་ཏོག་གནམ་ལུ་སྟོར་ཏེ་ སྤྲང་བུ་ང་གིས་ འབྲུག་ལུ་རྒྱལ་བརྒྱུད་ཀྱི་

རིངས་ལུགས་དབུ་བརྙེས་ཏེ་ མི་ལོ་བརྒྱ་འཁོར་བའི་བཀྲིན་རྗེས་དྲན་ ག་དེ་སྦེ་བསམ་ནི་ཨིན་ན་

གཤམ་གསལ་ ཆུ་དྭངས་བ་ཉ་གསལཝ་སྦེ་ བཀོད་དེ་ཡོད་ཟེར་ཞུ་ནི།


རྩོམ།

Druk Gyalpo Gongsa Ugyen Wangchuk-THE FOUNDING MONARCH

རིག་འཛིན་གཏེར་བཏོན་པད་གླིང་བརྒྱུད།།

ཀུར་སྟོད་དུང་དཀར་ཆོས་རྗེ་ལས།།

དཔའ་བོ་འཇིགས་མེད་རྣམ་རྒྱལ་གྱི།།

སྲས་སུ་ཨྱོན་དབང་ཕྱུག་འཁྲུངས།།


ཕྱོགས་ཀུན་ཕྱི་དང་ནང་གི་དགྲ།།

ཞི་བདེ་སྤུ་ཙམ་མེད་པའི་དུས།།

དགྲ་རྣམས་མ་ལུས་ཐབས་ཀྱིས་བཏུལ།།

འབྲུག་ཡུལ་གཞི་བཙུགས་དཔའ་བོ་ཨིན།།


བོད་དང་ཕྱི་གླིང་གཉིས་ཀྱི་བར།།

ཞི་བའི་ངང་ལས་བདེ་དོན་མཛད།།

མཇུག་མཐར་མངའ་འབངས་མགྲིན་གཅིག་ཐོག།

བརྒྱུད་འཛིན་དང་པོའི་ཁྲི་མངའ་གསོལ།།


གོན་སྡེ་ལ་སོགས་ཉམས་གསོ་མཛད།།

མཁས་པ་མང་པོ་གདན་དྲངས་ཏེ།།

བཤད་སྒྲུབ་བསྟན་པ་རྒྱ་ཆེར་སྤེལ།།

མི་དབང་བཀྲིན་བསམ་ལས་འདས།།


Druk Gyalpo Jigme Wangchuk-THE CONSOLIDATOR

ཕ་ཤུལ་བུ་ཡིས་འཛིན་པའི་ཚུལ།།

མི་དབང་འཇིགས་མེད་དབང་ཕྱུག་འཁྲུངས།།

སྔར་སྲོལ་ཁྲལ་རིགས་ལྕི་བ་རྣམས།།

སྐྱིད་སྡུག་ལྷོད་མེད་ཕབ་ཆག་གནང་།།


ལྷ་ཁང་དགོན་སྡེ་རྙིང་ལ་སོགས།།

ཉམས་གསོ་དང་ནི་གསར་བཞེངས་བསྒྲུབས།།

བཀའ་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གྱི།།

བླ་མ་དགེ་བཤེས་གདན་འདྲེན་ཞུ།།


སྨན་ཁང་སློབ་གྲྭ་འཁོར་ལམ་སོགས།།

གསར་དུ་བཙུགས་ཏེ་གོང་དུ་སྤེལ།།

རྒྱལ་ཁབ་རྩ་བརྟན་སྔར་ལས་བཟོ་།།

མི་དབང་བཀྲིན་བསམ་ལས་འདས།།


Druk Gyalpo Jigme Dorji Wangchuk-THE FATHER of MODERN BHUTAN

མཛད་ཤུལ་མི་ཉམས་འཛིན་པ་པོ།།

འཇིགས་མེད་རྡོ་རྗེ་དབང་ཕྱུག་འཁྲུངས།།

འཕྲལ་དང་ཕུགས་ཀྱིཐུགས་བཞེད་ཀྱིས།།

ཚོགས་འདུ་ཆེན་མོ་དབུ་བཙུགས་གནང་།།


དཀའ་སྡུག་ཅན་གྱི་ཁོལ་ཇོའི་རིགས།།

ཁོར་བའི་བཙོན་ལས་གྲོལ་དོ་བཟུམ།།

རྩ་མེད་བཏང་སྟེ་དལ་དབང་གནང་།།

རིགས་ཀྱི་དབྱེ་བ་མིང་མེད་བཟོ།།


གཞུང་དང་མི་སེར་གཉིས་ཀྱི་དོན།།

ལོ་ལྔའི་འཆར་གཞི་དང་པ་དང་།།

བློ་གྲོས་ཚོགས་སྡེ་གཞི་བཙུགས་གནང་།།

སྲིད་ཀྱི་འགྱུར་བ་སྔར་ལས་ལྷག།


དཔལ་འབྱོར་གོང་འཕེལ་བསྒྲུབ་ཐབས་ལུ།།

རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར།།

མཐུན་ལམ་ཡར་ངོའི་ཟླ་བཞིན་རྒྱས།།

མི་དབང་བཀྲིན་བསམ་ལས་འདས།།


Druk Gyalpo Jigme Singye Wangchuk-THE VISIONARY KING

ལུང་གིས་བསྟན་པའི་བྱང་སེམས་ཅན།།

ཇིགས་མེད་སེངྒེ་དབང་ཕྱུག་བྱོན།།

ཐུགས་ཀྱི་མཁྱེན་རྒྱ་གཏིང་ཟབ་ཆེ།།

རིས་མེད་འབངས་རྣམས་བུ་བཞིན་སྐྱོངས།།


རྒྱལ་ཁབ་རང་དབང་བཙན་ཐབས་ལུ།།

ཕྱོགས་རིས་སྤངས་པའི་ཚོགས་པ་ན།།

ཐུས་མིའི་གྲངས་སུ་ཞུགས་པ་ལས།།

གཞན་གྱིས་དབང་བའི་འཇིགས་ཉེན་ཆུང།།


འབངས་འཁོར་རྣམས་ཀྱི་དོན་བསྒྲུབ་ཐབས།།

དབང་ཚད་ཕྱིར་སྤེལ་ལམ་ལུགས་མཛད།།

བྲུག་གི་མི་སེར་རེ་རེ་བཞིན།།

དབང་ཚད་སྤྱོད་པའི་རང་དབང་གནང་།།


འབྲུག་གི་རྒྱལ་ཁབ་ལྷོ་ཨེཤ་ཡ།།

ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ན།།

གཏན་འཇགས་འཐུས་མིའི་གྲལ་ཁར་ཞུགས།།

མི་སྡེ་དཔལ་འབྱོར་གོང་དུ་སྤེལ།།


འབྲུག་མི་རེ་རེའི་དགའ་བ་དང་།།

ཞིབདེ་ལྷག་པར་འཕེལ་དོན་ལུ།།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར།།

ཕྱི་ནང་མེད་པ་སྙན་གྲགས་ཆེ།།


མ་འོངས་མངོན་གཟིགས་རྣམ་པར་གསལ།།

འབྲུག་གི་རྩ་ཁྲིམས་ཆེན་མོ་བརྩམས།།

འབྲུག་ལུང་ལྷག་པར་འཕེལ་དོན་ལུ།།

དམངས་གཙོའི་གཞུང་ལུགས་འགོ་བཙུགས་གནང་།།


མི་དབང་སྲིད་བྱུས་ཐབས་ལ་མཁས།།

གནོད་པའི་དགྲ་བགེགས་ཨིབ་དམག་རྣམས།།

སྐད་གཅིག་ཙམ་ལུ་ཕྱིར་བཏོན་པ།།

མི་དབང་བཀྲིན་བསམ་ལས་འདས།།



རྩོམ་པ་པོ: འགྱུར་མེད་རབ་རྒྱས།
བརྡ་དོན་འཕྲུལ་རིག་ལས་ཁུངས།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག།
ཐིམ་ཕུག


^^མགུ་ལུ་འགྱོ།^^

4 responses

  1. རྡོ་རྗེ་རྒྱལ་མཚན། | Reply

    ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་ངོ་མ་ཅིག་ཨིནམ་ལས་ མ་ཉམས་གོང་འཕེལ་གཏང་དགོཔ་འདི་ ཧ་ཅང་གི་གལ་ཆེ་བའི་ཁར་ ང་བཅས་གཟུགས་ཁར་གོ་དང་དཀྱིས་ར་གྱོན་མི་ཆ་མཉམ་གྱི་འགན་ཁུར་ཨིན། ཨིན་རུང་ དེ་སྦེ་མནོ་བསམ་བཏང་སྟེ་ཁ་སླས་སླབ་མི་འདི་ ག་ནི་བ་དཀོན་པའི་ཁར་ དེ་བ་ཡང་ དེ་གི་དོན་ལུ་འགན་ཁུར་འབག་སྟེ་ ལཱ་འབད་མི་འདི་ འཇིག་རྟེན་འཛམ་གླིང་འདི་ནང་ལུ་ གངས་སེང་གེ་དང་མེ་ཏོག་ཨུ་དུམ་ཝ་ར་བཟུམ་དཀོན་དྲགས་ཨིན། དཔེར་ན་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཟེར་བའི་ ལྷན་ཚོགས་ཅིག་ལོགས་སུ་གཞི་བཙུགས་འབད་དེ་ཡོད་རུང་ དེ་ཚུ་ནང་སྡོད་མི་ཚུ་གིས་ ལོ་བསྟར་གྱི་འཆར་དངུལ་རྫོགས་ནིའི་དོན་ལུ་ ལོ་རེ་ནང་ཞལ་འཛོམས་ཚར་རེ་འཚོགས་ཞིན་ན་ འཆར་དངུལ་གོ་བཤའ་རྐྱབ་སྡོད་སྡོདཔ་ཙམ་མ་གཏོགས་ རྫོང་ཁ་གོང་འཕེལ་གྱི་དོན་ལུ་ལཱ་ འདི་དང་འདི་ཨིན་ཟེརཝ་ཅིག་ག་ནི་ཡང་འབད་འབདཝ་མེད། ད་རེས་ནཱ་གིས་ རྫོང་ཁ་གོང་འཕེལ་གྱི་དོན་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ འདི་བཟུམ་གྱི་ཟིན་བྲིས་ཅིག་བཟོ་སྟེ་ རྫོང་ཁའི་ཡིག་ཐོག་ལས་ རང་ལུགས་ཀྱི་སྒྲིག་ལམ་རྣམ་གཞག་དང་རྩོམ་ཡིག་ཚུ་ བཀོད་གནང་མི་འདི་ལུ་ ང་བཅས་དཔལ་ལྡན་འབྲུག་པའི་གྱོན་ཆས་གྱོན། དཔལ་ལྡན་འབྲུག་པའི་ཁ་སླབ། དཔལ་ལྡན་འབྲུག་པའི་ཟས་ཟ་མི་ཆ་མཉམ་གྱིས་ བཀའ་དྲིན་དགའ་ཚོར་ཞུ་དགོཔ་ཅིག་ཨིན་མས། དུས་ད་ལས་ཕར་ཡང་ དེ་བ་ལྷག་པའི་བརྩོན་ཤུགས་སྦོམ་བསྐྱེད་དེ་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་ལག་ལེན་ཐབ་ཚུགསཔ་བཟོ་གནང་དགོ་པའི་གསོལ་འདེབས་ཞུཝ་ཨིན། ཁྱེད་བརྡ་དོན་འཕྲུལ་རིག་མཁྱེན་མི་ཚུ་གིས་ རྫོང་ཁ་ལག་ལེན་འཐབ་སའི་ཟིན་བྲིས་བཟོ་བ་ཅིན་ ང་བཅས་རྫོང་ཁ་’འབྲི་ཤེས་མི་ཚུ་གིས་ འབྲི་འོང་། ལྷག་ཤེས་མི་ཚུ་གིས་ལྷག་འོང་། དེ་སྦེ་འབད་བ་ཅིན་ རྫོང་ཁ་རང་བཞིན་གྱིས་གོང་འཕེལ་འགྱོ་འོང་ཟེར་ཞུ་ནི་ཨིན་ལགས།

  2. དབང་ཕྱུག་ཆེན་པོ | Reply

    ངོམ་རྡོ་རྗེ་རྒྱལ་མཚན་ལུ་རྒྱབ་སྐྱོར་ཡོད།

    1. ཐེ་ཚོམ་ཡོད།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s